འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཉི་ནུས་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་འཐབ་ཇུས་མནའ་འབྲེལ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཉི་ནུས་ཐོན་ལས་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ་ཟི་ལིང་དུ་བཙུགས་པ་དང་མནའ་འབྲེལ་དེས་སླད་ཕྱིན་ཉི་ནུས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ལག་རྩལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་ནས་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་ཉི་ནུས་ཐོན་ལས་ལག་རྩལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         སྣེ་འདྲེན་ཚན་པ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་མནའ་འབྲེལ་དེ་ནི་གསར་ཤོས་དང་སྒོ་དབྱེ་རྣམ་པའི་མཉམ་ལས་མཉམ་སྤྱོད་ཀྱི་ལས་སྟེགས་ཤིག་ཡིན་པ་དང་དེས་ཉི་ནུས་ཐོན་ལས་འཕེལ་རྒྱས་དང་། ལས་རིགས་རང་གཅུན། ལས་རིགས་ཚད་ལྡན་ཡོང་བ་སོགས་ཁྱབ་ཁོངས་ནང་མཚོ་སྔོན་གྱིས་འགོ་གསར་པ་ཞིག་འཛུགས་པ་མཚོན་གྱི་ཡོད།
         མནའ་འབྲེལ་དེའི་ནང་ཉི་ནུས་ཐོན་ལས་ཁྱབ་ཁོངས་ཁྲོད་ཤུགས་རྐྱེན་ངེས་ཅན་ལྡན་པའི་ཁེ་ལས་དང་། མཐོ་སློབ། ཞིབ་འཇུག་སྒྲིག་གཞི་བཅས་21ཡོད་པ་དང་དེ་དག་གིས་རང་མོས་དང་། འདྲ་མཉམ། མཉམ་ལས་བཅས་ཀྱི་རྩ་དོན་ཐོག་ནས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ཐོན་རྫས་བཟོ་བ། ཐོན་སྐྱེད་གཉེར་སྐྱོང་། སྤུས་ཚད་ཞིབ་བཤེར། ལག་རྩལ་ཞབས་ཞུ་སོགས་ཐད་མཉམ་དུ་གསར་གཏོད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
         མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་ཉི་ནུས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་ལྷག་དོན་དུ་ཚྭ་འདམ་གཤོང་ས་ནི་རྒྱལ་ཡོངས་སུ་ཉི་འོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན། ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་རིགས་པའི་གཞུང་ལུགས་ལྟར་གྱི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་47ཟིན་པ་དེས་རྒྱལ་ཡོངས་ཀྱི་11%ཙམ་བཟུང་གི་ཡོད་པ་དང་རྒྱལ་ཁབ་ཀྱི་ས་ཁོངས་ནུས་རྒྱུ་རྒྱུན་མཐུད་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་རེད།
         མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཞུའེ་ཁྲུན་གྱིས་མཚོ་སྔོན་གྱིས་ཐོན་ལས་ལག་རྩལ་གསར་གཏོད་ཐད་ཆུ་ནུས་གློག་ནུས་ཕན་ཚུན་གསབ་རེས་མྱུར་པོ་དང་སྙོམས་སྒྲིག་དང་འོད་ཤུགས་གློག་གཏོང་གི་བརྟན་པོའི་རང་བཞིན་ཞན་པ་སོགས་ཀྱི་ལག་རྩལ་གནད་དོན་ཚད་བརྒལ་བྱུང་ཡོད། གོང་དུ་བརྗོད་པའི་མནའ་འབྲེལ་བཙུགས་པ་དེས་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་ལམ་ཐིག་དཔེ་རིས་བཟོ་བ་དང་། རྩ་འཛུགས་ཀྱི་སྣེ་ཁྲིད་ནས་ལས་རིགས་ཀྱི་ཚད་གཞི་བཟོ་བ། ཚན་རྩལ་རྣམ་གྲངས་སྒྲིག་འཛུགས་དང་། འདུན་ཞུ། ལག་བསྟར་བཅས་ཐད་དེ་བས་ཆེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།