འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པ་ལས་མིར་གླ་ཆ་སྤྲད་ཡོད་མེད་ཀྱི་ཆེད་དོན་ཞིབ་བཤེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། མི་སྤྱི་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སྤྱི་བདེ་པུའུ་སོགས་སྡེ་ཚན་12ཀྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ་2017ལོའི་ཟླ་12ཚེས་1ཉིན་ནས་2018ལོའི་དཔྱིད་གསར་དུས་ཆེན་གོང་བར་རྒྱལ་ཡོངས་སུ་ཞིང་པ་ལས་མིར་གླ་ཆ་སྤྲད་ཡོད་མེད་ཀྱི་གནས་ཚུལ་ལ་ཆེད་དོན་མུ་མཐུད་ཞིབ་བཤེར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
         ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་དང་། ངལ་རྩོལ་གཅིག་སྡུད་རྣམ་པའི་ལས་སྣོན་བཟོ་གྲྭ བཟའ་བཏུང་ཞབས་ཞུ་སོགས་ལས་རིགས་ལ་གཙོ་གནད་དུ་ཆེད་དོན་ཞིབ་བཤེར་བྱས་ཏེ་མི་སྤྱོད་ཚན་པས་དུས་ཐོག་དང་གྲངས་ཚང་ངང་ཞིང་པ་ལས་མིར་གླ་ཆ་སྤྲད་ཡོད་མེད་ཀྱི་གནས་ཚུལ་དང་། གླ་ཆ་དམའ་ཤོས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱས་མིན་གྱི་གནས་ཚུལ། མི་སྤྱོད་ཚན་པ་དང་ཞིང་པ་ལས་མིའི་དབར་ངལ་རྩོལ་གན་རྒྱ་བཞག་ཡོད་མེད་ཀྱི་གནས་ཚུལ། སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་ཀྱིས་གླ་ཆའི་འགན་ལེན་དངུལ་དང་། ཞིང་པ་ལས་མིའི་མིང་དངོས་འགོད་པའི་ལམ་ལུགས། ཞིང་པ་ལས་མིའི་གླ་ཆའི་ཆེད་དོན་རྩིས་ཁྲ་སོགས་ཀྱི་ལམ་ལུགས་དང་བྱ་ཐབས་ལག་བསྟར་བྱས་མིན་གྱི་གནས་ཚུལ། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་གནས་ཚུལ། ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ཡོད་མེད་ཀྱི་གནས་ཚུལ། གླ་ཆ་འགྱངས་ཆད་དང་ཁྲིམས་འགལ་བྱེད་སྤྱོད་ལ་ཡིད་རྟོན་ཆད་པ་བཅད་ཡོད་མེད་ཀྱི་གནས་ཚུལ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད། ཆེད་དོན་ཞིབ་བཤེར་བྱས་པ་བརྒྱུད་གླ་ཆ་འགྱངས་ཆད་བཅོས་སྒྲིག་དང་གླ་ཆ་དུས་ཐོག་ཏུ་སྤྲོད་རྒྱུ་འགན་ལེན་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུའི་འགན་ལེན་བྱས་ནས་དཔྱིད་གསར་དུས་ཆེན་གོང་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཞིང་པ་ལས་མི་མངོན་གསལ་དོད་པོས་ཉུང་དུ་འགྲོ་བ་དང་གླ་ཆ་འགྱངས་ཆད་བྱས་ནས་མི་དཔུང་ཁྱུ་སྒྲིག་རང་བཞིན་གྱི་དོན་རྐྱེན་ཐོན་ཚད་མངོན་གསལ་དོད་པོས་ཆག་པ་བྱ་རྒྱུ་རེད། དེའི་ནང་ས་གནས་སྲིད་གཞུང་གིས་མ་འཇོག་བྱས་པའི་ལས་གྲྭའི་རྣམ་གྲངས་ཀྱིས་ལས་གྲྭའི་དངུལ་འགྱངས་ཆད་བྱས་ནས་ལས་མིའི་གླ་ཆ་འགྱངས་ཆད་བྱས་ཚེ་2017ལོའི་ལོ་མཇུག་གོང་ཚང་མ་གཙང་འཇལ་བྱས་ནས་རྒྱ་ཆེའི་ཞིང་པ་ལས་མིའི་གླ་ཆའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།