འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཧའུ་ཡན་གྱིས་གར་སྟེགས་ཡག་ཤོས་དང་ཆེ་ཤོས་གཞི་རིམ་
    དུ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་22ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། ཁྲང་ཞིའི་དཔྱིད་འགོའི་མེ་ཏོག་བྱ་དགའ་ཐོབ་མཁན་ཧའུ་ཡན་གྱིས་པེ་ཅིང་ནས་ཉིང་ཞར་ལོག་རྗེས་བྲེལ་འཚུབ་ངང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་འགོ་ཚུགས།
         འཆར་གཞི་ལྟར་ན། ཁོང་གིས་སྒྲོག་འགྲེལ་ཐེངས་20བྱས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་དང་། གཞོན་ནུ་སློབ་མ། རྡོ་སོལ་འདོན་མཁན་བཟོ་པ། གཞི་རིམ་སྡེ་ཁུལ་གྱི་གྲོང་མི་སོགས་ལ་ཁྱབ་པ་བྱེད་རྩིས་ཡོད་ལ། ཁོང་གི་ངོས་ནས་བརྗོད་ན་དགའ་ཤོས་ཀྱི་སྒྲོག་འགྲེལ་བྱ་ཡུལ་ནི་གཞི་རིམ་ཡིན་ཞེས་གསར་འགོད་པར་བཤད།
         དབྱིང་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་མཱ་ཅ་ཀྲའེ་སྡེ་ཁུལ་དུ་གཉེར་བའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུའི་ཐོག་ཧའུ་ཡན་གྱིས“ང་ནི་ཇིན་ལུགས་ཀྱི་ཁྲང་ཞི་འཁྲབ་མཁན་ཞིག་ཡིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རིག་གནས་འཛུགས་སྐྱོང་དང་རིག་གནས་གདེང་ཚོད་སྐོར་གྱི་འབྲེལ་ཡོད་ཆ་ཤས་ལ་ངས་དོ་སྣང་ཆེན་པོ་བྱས་པ་ཡིན། ནང་དོན་དེ་དག་མི་སེམས་འགུལ་བ་ཞིག་འདུག”ཅེས་བཤད།
         “དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་མི་གཞན་གྱིས་ཁྱེད་ཕྱག་ལས་གང་ཞིག་གནང་གི་ཡོད་དམ་ཞེས་འདྲི་སྐབས། རང་ཉིད་ཇིན་ལུགས་ཀྱི་ཁྲང་ཞི་འཁྲབ་མཁན་ཞིག་ཡིན་ཞེས་བརྗོད་མི་ནུས་པར་རིག་གནས་སྒྱུ་རྩལ་གྱི་ལས་དོན་པ་ཞིག་ཡིན་ཞེས་ལན་བཏབ་ཀྱི་ཡོད། འོན་ཀྱང་ད་ལྟ་རང་ཉིད་ངོ་སྤྲོད་བྱེད་སྐབས་ངས་སྤོབས་པ་ཆེན་པོས་རང་ཉིད་ནི་ཇིན་ལུགས་ཀྱི་ཁྲང་ཞི་འཁྲབ་མཁན་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། འདས་ཟིན་པའི་ལོ་ལྔའི་རིང་ང་ཚོའི་ཉིང་ཞ་ས་ཁུལ་ཁག་གི་གྲོང་ཚོ་མང་པོར་རིག་གནས་ཐང་ཆེན་བརྒྱབ་ཡོད། ད་ཆ་ཁྲང་ཞི་འཁྲབ་ས་ཡོད་སྟབས་ཁྱེད་ཚོས་བྱས་ན་ཇིན་ལུགས་ཀྱི་ཁྲང་ཞི་འཕེལ་རྒྱས་འགྲོ་རྒྱུ་ཉག་ཅིག་མ་རེད་དམ་ཞེས་ཁོང་གིས་སྐད་གསང་ཐོན་པོས་བཤད་པར་གསན་པ་པོའི་དགའ་བསུ་ཡང་ཡང་ཐོབ།
         ཁོང་གིས“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བའི་རེ་འགུག་གསར་པ་སྐོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་དགོས། སླད་ཕྱིན་ང་ཚོའི་སྡེ་ཁུལ་གྱི་ཇིན་ལུགས་ཁྲང་ཞི་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་བཟང་དུ་འགྲོ་ངེས་རེད་ལ། ང་ཚོས་ཀྱང་ལྟད་མོ་བར་ཕུལ་བྱུང་གི་བརྩམས་ཆོས་དེ་བས་མང་བ་འབུལ་རྒྱུ་ཡིན”ཞེས་བཤད།
         ཏང་ལོ་51ཟིན་པ་དང་ལོ་74ལ་སོན་པའི་བགྲེས་སོང་ལུའི་མིང་ཤེའུ་ཡིས“ང་ནི་ཁྲང་ཞིའི་དབྱིངས་པ་ཞིག་ཡིན་པས་ཁྲང་ཞི་ཉན་པ་དང་འཁྲབ་རྒྱུར་དགའ་པོ་ཡོད། དེ་རིང་སྒྲོག་འགྲེལ་ཉན་རྗེས་ཁྲང་ཞི་འཁྲབ་སྐབས་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བཤད།
         ཧའུ་ཡན་གྱིས་གར་སྟེགས་ཡག་ཤོས་དང་ཆེ་ཤོས་གཞི་རིམ་དུ་ཡོད་པ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཁོང་གིས“ཉ་མོ་ཆུ་དང་བྲལ་ན་གསོན་ཐབས་བྲལ། རྩ་བ་མེད་པའི་ལྗོན་ཤིང་སྐྱེ་ཐབས་བྲལ་ཞེས་པའི་དཔེ་ལྟར། ཇིན་ལུགས་ཀྱི་ཁྲང་ཞི་ནི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཡིན་པས་ཇིན་ལུགས་ཀྱི་ཁྲང་ཞི་འཁྲབ་མཁན་གཞི་རིམ་དང་ཁ་འབྲལ་ཐབས་མེད། གཞི་རིམ་མང་ཚོགས་ཀྱིས་ཇིན་ལུགས་ཀྱི་ཁྲང་ཞིར་སེམས་གཏིང་ནས་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།