འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི"དཀར་ཆུའི་ལས་རིགས་ཀྱི་རིག་མཛོད"ཀྱི་སྒོ་བྱང་དངོས་སུ་བཀལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་22ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པར་རྒྱལ་སྤྱིའི་དཀར་ཆུའི་ལས་རིགས་ཀྱི་འཐབ་ཇུས་དང་ལག་རྩལ་ཞིབ་འཇུག་ལྟེ་གནས་བཙུགས་པའི་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་རྒྱལ་གྱི་དཀར་ཆུའི་ལས་རིགས་སྤྱི་ཡོངས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་གསོ་ཚགས་བྱེད་སྟངས་ཀྱང་མགྱོགས་མྱུར་འགྱུར་ལྡོག་བྱུང་ནས་སྔོན་དཔག་བྱས་ན། ལོ་མཇུག་ཏུ་སླེབས་སྐབས་བཞོན་མ་ཚད་ལྡན་ངང་གསོ་ཚགས་བྱེད་པའི་བསྡུར་ཚད་55%ལས་བརྒལ་རྒྱུ་དང་བཞོན་མ་རེའི་ཆ་སྙོམས་ཀྱི་ཐོན་ཚད་ཏུན་7ཟིན་རྒྱུ་ཡིན་པ་རེད། དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་ཡོད་པ་དང་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འོ་མ་སོས་པ་དང་དཀར་ཆུའི་ཐོན་རྫས་འཐེན་བཤེར་ཚད་ལོན་ཚད་སོ་སོར་99.8%དང་99.5%ཟིན་པ་དང་གཞི་ཁྱོན་ལྡན་པའི་འབྲོག་རའི་འོ་མའི་སྤྲི་དཀར་དང་འོ་མའི་ཞག་ཚིལ་སོགས་ཀྱི་སྟོན་གྲངས་དཀར་ཆུའི་ལས་རིགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལོན་ཡོད། དཀར་ཆུའི་ཐོན་རྫས་ཀྱི་འཛད་སྤྱོད་བརྟན་པོའི་ངང་འཕར་བ་དང་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་2291ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དཀར་ཆུའི་ལས་རིགས་རྒྱལ་སྤྱི་ཅན་དུ་གྱུར་པ་དང་སྦྲགས། རྒྱལ་ཁབ་ཀྱི་དཀར་ཆུའི་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་དཀར་ཆུའི་ལས་རིགས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་བྱས་པ་དེས་རྒྱལ་ཁབ་ཕྱི་ནང་གི་དཀར་ཆུའི་ལས་རིགས་ཀྱི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་འགྲོ་ཕྱོགས་ལ་དབྱེ་ཞིབ་ཐུབ་དགོས་པ་མ་ཟད། ཆུ་ཚད་མཐོ་བའི་སྲིད་ཇུས་ཀྱི་གྲོས་འགོ་ཡང་བཏོན་དགོས་ཞེས་བླང་བྱ་བཏོན་པ་རེད། རྒྱལ་སྤྱིའི་དཀར་ཆུའི་ལས་རིགས་ཀྱི་འཐབ་ཇུས་དང་ལག་རྩལ་ཞིབ་འཇུག་ལྟེ་གནས་དེ་ཀྲུང་གོ་ཞིང་ལས་སློབ་ཆེན་དང་ཀྲུང་གོ་དཀར་ཆུའི་ལས་རིགས་མཐུན་ཚོགས་ཀྱིས་མཉམ་དུ་གྲོས་འགོ་བཏོན་ནས་ཀྲུང་གོ་ཞིང་ལས་སློབ་ཆེན་དུ་དངོས་སུ་བཙུགས་པ་རེད། སླད་ཕྱིན་ལྟེ་གནས་དེ“དཀར་ཆུའི་ལས་རིགས་ཀྱི་རིག་མཛོད”དུ་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་དང་། ཁེ་ལས། སྒྲིག་གཞི་བཅས་མང་པོ་མཉམ་ལས་འཛུགས་སྐྲུན་བྱེད་པར་ཚན་ཞིབ་གསར་གཏོད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ལས་སྤེལ་རེས། དཔེ་སྟོན་ཁྱབ་གདལ་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་དང་བློ་འདྲིའི་ཞབས་ཞུ་རབ་དང་རིམ་པ་མཁོ་འདོན་བྱས་ནས་རང་རྒྱལ་གྱི་དཀར་ཆུའི་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་དཀར་ཆུའི་ལས་རིགས་ཀྱི་ཁྲོམ་རར་དེ་བས་ལེགས་པའི་སྒོ་ནས་ཞུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།