འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཡོངས་གློག་བརྙན་སྤ་སེ་བཙོངས་པའི་སྒོར་དུང་ཕྱུར་500ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་22ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། གསར་འགོད་པར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གློག་བརྙན་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོའི་ཟླ་11ཚེས་20ཉིན་བར། རྒྱལ་ཡོངས་གློག་བརྙན་སྤ་སེ་བཙོངས་པའི་སྒོར་དུང་ཕྱུར་500ཡི་འགག་སྒོ་ལས་ཐོག་མར་བརྒལ་ནས་ཟིན་ཐོ་གསར་པ་བཏོད་པ་རེད།
         གསར་འགོད་པས་གསར་འགྱུར་མ་སྤེལ་བའི་བར། 2017ལོའི་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་སྒོར་དུང་ཕྱུར་500.2ཟིན་ནས་ན་ནིང་གི་དུས་མཚུངས་ལས་15%འཕར་བ་དང་རྒྱལ་ཡོངས་སུ་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་14.48ཟིན་ནས་ན་ནིང་གི་དུས་མཚུངས་ལས་19%འཕར་བ། རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་སྤྱི་འབོར་ལས་རང་རྒྱལ་གྱི་གློག་བརྙན་སྤ་སེ་བཙོངས་པའི་སྒོར་དུང་ཕྱུར་262ཟིན་ནས་52.4%བཟུང་ཡོད། གློག་བརྙན་སྤ་སེ་བཙོངས་པའི་སྒོར་དུང་ཕྱུར་ལས་བརྒལ་བའི་གློག་བརྙན་78ཡོད་པ་ལས་རང་རྒྱལ་གྱི་གློག་བརྙན་39ཡོད།
         “2003ལོར་རང་རྒྱལ་གྱི་གློག་བརྙན་ཐོན་ལས་སྒྱུར་བཅོས་བྱེད་འགོ་འཛུགས་སྐབས། རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་སྒོར་དུང་ཕྱུར་10ལས་མེད་པ་དང་། དུས་ཐུང་ལོ་བཅུ་གྲངས་རིང་ཀྲུང་གོའི་གློག་བརྙན་ཁྲོམ་རའི་གཞི་ཁྱོན་ལྡབ་50ཆེ་རུ་ཕྱིན་ཞིང་། མྱུར་ཚད་དེ་འདྲ་གོ་ལ་ཧྲིལ་པོའི་གློག་བརྙན་གྱི་ལོ་རྒྱུས་ཐོག་འབྱུང་མྱོང་མེད། མིག་སྔར་ཀྲུང་གོའི་གློག་བརྙན་ཁྲོམ་རར་གློག་བརྙན་རས་ཡོལ་ཁྲི་5ཙམ་ཡོད་པས། ཀྲུང་གོ་གོ་ལ་ཧྲིལ་པོའི་གློག་བརྙན་རས་ཡོལ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། གཞི་ཁྱོན་ཆེན་པོ་འདི་འདྲའི་གློག་བརྙན་རས་ཡོལ་གྱི་གྲངས་འབོར་ལས་མི་དམངས་མང་ཚོགས་ཀྱི་གློག་བརྙན་འཛད་སྤྱོད་ལ་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད”ཅེས་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཅཱ་ལེ་ལེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།