འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲུ་ཤིན་མྱུར་བགྲོད་གཞུང་ལམ་གྱི་ཧྥུ་ཡཱང་ལམ་དུམ་དུ་མུ་འབྲེལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་
    མི་18རྐྱེན་ལམ་དུ་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲུ་ཤིན་མྱུར་བགྲོད་གཞུང་ལམ་གྱི་ཧྥུ་ཡཱང་ལམ་དུམ་དུ་མུ་འབྲེལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་
མི་18རྐྱེན་ལམ་དུ་ཤོར་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན་གྱི་སྔ་དྲོར། ཁྲུ་ཤིན་མྱུར་བགྲོད་གཞུང་ལམ་(ཁྲུ་ཀྲོའུ་ནས་ཤིན་ཚའེ་བར།)གྱི་དབྱི་ཧྲང་ཞབས་ཞུ་ཁུལ་ཧྥུ་ཡཱང་ནས་ཧོ་ཧྥེ་ཕྱོགས་ཀྱི་སྤྱི་ལེ་2ཀྱི་མཚམས་སུ་རླངས་འཁོར་རྗེས་དེད་ཀྱི་དོན་རྐྱེན་མང་པོ་ཞིག་བྱུང་བ་རེད། ཉིན་དེའི་ཆུ་ཚོད་16:00སྐབས། ཧྥུ་ཡཱང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་ལས་མི་18གྲོངས་ཡོད་པ་དང་། རྨས་མ་21སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། རྨས་མའི་ཁྲོད་དུ་མི་11ནི་ཅུང་ཙམ་ཚབས་ཆེན་ཡིན་ཚུལ་བརྗོད་པ་རེད།
          ཨན་ཧུའེ་ཞིང་ཆེན་མེ་གསོད་མེ་འགོག་སྡེ་ཁག་གི་བརྡ་འཕྲིན་ལྟར་ན། དོན་རྐྱེན་བྱུང་རྗེས། ཧྥུ་ཡཱང་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གིས་རླངས་འཁོར་9དང་མི་70དོན་རྐྱེན་བྱུང་ཡུལ་དུ་མྱུར་སྐྱོབ་བྱེད་པར་མངགས་གཏོང་བྱས་ཡོད་པ་དང་། ཨན་ཧུའེ་མེ་གསོག་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་སྔ་གཞུག་ཏུ་ཧོའེ་ནན་མེ་གསོག་མེ་འགོག་ཡན་ལག་རུ་ཁག་གི་རླངས་འཁོར་9དང་མི་80དང་པེང་པུའུ་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གི་རླངས་འཁོར་5དང་མི་30བཅས་མངགས་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་འགྲིམ་འགྲུལ་འཚང་འགག་སྤྱི་ལེ་3ནས་4བར་བྱུང་ཡོད་ལ། རླངས་འཁོར་30ལྷག་ཙམ་མུ་འབྲེལ་རྡུང་ཁ་ཐེབས་ཤིང་། གནས་གཅིག་ཏུ་མེ་ཤོར་ཡོད་ལ། རླངས་འཁོར་4ལ་མེ་འབར་ཡོད་པ་རེད། ཆུ་ཚོད་10:38སྐབས། མེ་ཚང་མ་གསོད་ཐུབ་པ་རེད།
          གཞན་རྒྱུས་ལོན་བྱུང་གསལ་དུ། ཨན་ཧུའེ་སྨན་དཔྱད་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་རུ་མཉམ་ལས་བྱེད་པའི་སྨན་བཅོས་མྱུར་སྐྱོབ་ཐད་འཕུར་གནམ་གྲུའང་མྱུར་སྐྱོབ་ཏུ་ཞུགས་ཡོད་པ་རེད།
         དོན་རྐྱེན་གྱི་འབྱུང་རྩ་ནི་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
    ༄༅།།ཁྲུ་ཤིན་མྱུར་བགྲོད་གཞུང་ལམ་གྱི་ཧྥུ་ཡཱང་ལམ་དུམ་དུ་མུ་འབྲེལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་
མི་18རྐྱེན་ལམ་དུ་ཤོར་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།