འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཕྱོགས་སྟོན།

    —— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྐོར་ཚ་ཚ་འུར་འུར་ངང་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རིགས་པའི་གཞུང་ལུགས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་ནུས་པར་བསྔགས་བརྗོད་རྒྱ་ཁྱབ་ངང་བྱེད་ཀྱི་ཡོད་པ་རེད།
         དུས་རབས་གསར་པར་བསམ་བློ་གསར་པའི་སྣེ་ཁྲིད་དགོས།
         ཧྥི་ལི་ཕིན་གྱི་《མ་ནི་ལའི་དར་ཆའི་ཚགས་པར་》ཐོག་གནས་ཚུལ་སྤེལ་གསལ། ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་སྙན་སྒྲོན་ནང་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྣེ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་གལ་ཆེན་བཏིངས་ཡོད།
         སིང་ཀ་ཕོར་གྱི་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་གནས་ཚུལ་སྤེལ་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལོ་རྒྱུས་རྒྱུན་འཛིན་ལ་སྣང་ཆེན་བྱས་དང་འབྲེལ་དུས་བསྟུན་འཕེལ་རྒྱས་བྱེད་དགོས་ཞེས་དེ་བས་ཀྱང་ནན་བཤད་གནང་ཡོད། ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བའི་འབྲེལ་ཡོད་རྒྱས་བཤད་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་དོན་དངོས་ལ་གོ་བ་ཡང་དག་ལེན་ཚུལ་དང་ཁོང་དུ་ཆུད་ཚུལ་མཚོན་གྱི་ཡོད།
         ཨེ་ཅིབ་ཚོང་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཨ་ལ·དབྱི་ཙེ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཆབས་ཅིག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའང་དུས་ཐོག་ཏུ་བྱུང་ཡོད། “ཀྲུང་གོའི་འཕེལ་རྒྱས་ཀྲུང་གོ་གུང་ཁྲན་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ཁ་འབྲལ་ཐབས་མེད། བསམ་བློ་འདིས་ཀྲུང་གོ་གུང་ཁྲན་ཏང་མུ་མཐུད་དུས་རབས་ཀྱི་མདུན་དུ་སྐྱོད་པར་སྣེ་ཁྲིད་ཐུབ་ངེས་རེད”ཅེས་གསུངས།
         ཧིན་རྡུ་ཉི་ཞི་ཡ་ཨེ་ཤེ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་པན་པང·སུའར་གཡོད་ནོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བག་ཆགས་ཟབ་མོ་བྱུང་ཞིང་། ཁོང་གིས་གསུངས་དོན། དུས་རབས་གསར་པས་ཀྲུང་གོ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་པ། ལོ་རྒྱུས་ཀྱི་ངེས་གནས་གསར་པར་གནས་པ་བཅས་ལ་བརྟེན་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དགོས་ལ་བསམ་བློའི་སྣེ་ཁྲིད་གསར་པའང་དགོས་པ་མཚོན་གྱི་ཡོད།
         རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་རྒྱུན་མཐུད་ཡར་རྒྱས་ལ་རོགས་འདེགས་བྱེད་པ།
        སར་པི་ཡ་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དབྱི་ཨོ་ན·ལ་ཅེ་ཝ་ཙེ་ཡིས་ངོས་འཛིན་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོ་གུང་ཁྲན་ཏང་གིས་དུས་བབ་ལ་བརྡར་ཤ་ཡང་དག་བཅད་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་གདམ་ག་ཡག་ཤོས་བྱས་པ་མཚོན་གྱི་ཡོད།
        ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀན་ན་ཅེ·ཅིའུ་ཅ་ནོ་ཧྥུའུ་ཡིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གིས་རིགས་པའི་གཞུང་ལུགས་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱས་ཏེ་ཀྲུང་གོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་བས་དཔལ་འབྱོར་དང་། ཆབ་སྲིད། རྒྱལ་སྲུང་སོགས་ཀྱི་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་སོང་ཡོད། ལོ་ལྔའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ལས་རིགས་པའི་གཞུང་ལུགས་གསར་གཏོད་ནི་གྲུབ་འབྲས་ཐོབ་པའི་འགན་ལེན་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད།
        འཇར་མན་ཏུའུ་དབྱི་སི་པའོ·ཨའེ་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ནེ་ལའེ·ནོ་དབྱི་སེར་ཐེ་ཡིས་ངོས་འཛིན་གནང་དོན། རིགས་པའི་གཞུང་ལུགས་གསར་གཏོད་ནི་ད་ཡོད་ཀྱི་བསམ་བློའི་རིགས་པའི་གཞུང་ལུགས་རྒྱུན་སྲིང་བ་དང་འཕེལ་རྒྱས་གཏོང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ལས་དོན་ངེས་པར་དུ་སྤེལ་དགོས་པའི་ངོས་འཛིན་ཐུབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོ་གུང་ཁྲན་ཏང་གིས་དུས་བསྟུན་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་རེ་སྒུག་དང་མི་དམངས་ཀྱི་དགོས་མཁོ་གང་ཡོད་ལ་ལན་ཡང་བསློགས་པ་མཚོན་ཡོད།
         ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྣེ་ཁྲིད་བྱེད་པ།
         མ་ལེ་ཞི་ཡའི་《སྐར་གླིང་ཉིན་རེའི་ཚགས་པར་》ཐོག་གནས་ཚུལ་སྤེལ་གསལ། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཡུལ་མངོན་འགྱུར་བྱེད་པའི་འཆར་གཞི་བཀོད་ཡོད། རླབས་ཆེའི་དམིགས་ཚད་མངོན་དུ་འགྱུར་བར་ཀྲུང་གོས་རང་ཉིད་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཐད་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས་ཀྱི་ཡོད།
         ཨུ་རུ་སུ་ཚན་རིག་སློབ་གླིང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ཞིབ་འཇུག་པ་ཨའེ་ལི་ཨའོ་ནོ་ལ·ཕི་ཨོ་ཝ་ལོ་ཝ་ཡིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ནི་ཀྲུང་གོ་འཕེལ་རྒྱས་གཏོང་བའི“མན་ངག”ཅིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྔར་བས་སྐུལ་འདེད་གཏོང་སྲིད།
         ཁེན་ནི་ཡའི་ནེ་རོ་པི་ཨ་རིའི་རྒྱལ་སྤྱིའི་འབྲེལ་བའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མ་ཁྲ་ལི་ཡ·མུ་ནེ་ནེ་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་ལ་བཏང་བའི་བརྡ་རྟགས་ཤིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་དེ་བས་གདེང་ཚོད་ཀྱིས་ཁེངས་པ་དང་གནད་སྨིན་འཐུས་ཚང་བྱུང་བ་མངོན་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་འཁྲིད་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་ལས་དོན་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་དེ་བས་འབད་བརྩོན་ཆེན་པོས་ཞུགས་སྲིད།
      

    ཕྱོགས་བསྡུས་གསར་འགྱུར།