འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བྷེ་ཨུ་རུ་སུར་གློག་ཁང་ཉམས་བཟོ་སྒྱུར་བཀོད་བྱས་ནས་ས་གནས་ལ་བདེ་
    སྐྱིད་བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་འདུ་འགོད་མ་རྐང་ཚད་ཡོད་ཀུང་སིས་ཉམས་བཟོ་སྒྱུར་བཀོད་ཀྱི་འགན་ཆ་ཚང་འཁུར་བའི་བྷེ་ཨུ་རུ་སུའི་ཀོ་མེ་ལི་གློག་ཁང་ཨང་དང་པོ་ཚེས་21ཉིན་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཉམས་བཟོ་སྒྱུར་བཀོད་བྱས་རྗེས་ཀྱི་གློག་ཁང་གིས་ཚད་གཞི་ཆེན་པོས་གློག་གཏོང་ཚད་མང་དུ་གཏོང་རྒྱུ་དང་འབྲེལ་ཟད་གྲོན་དམའ་རུ་ནུས་ལྡན་གཏོང་རྒྱུ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉམས་བཟོ་སྒྱུར་བཀོད་འདུ་འགོད་ཀྱི་གཙོ་གནད་ནི་གློག་ཁང་ལ་ཀྲའོ་ཝ་35ཟིན་པའི་འབར་རླངས་གློག་ཁང་བསྐྲུན་རྒྱུ་དང་། དེའི་ནང་ཇུས་འགོད་དང་། དངོས་ཟོག་མཁོ་འདོན། ཨར་ལས་སྒྲིག་སྦྱོར། སྙོམས་སྒྲིག་ཚོད་ལྟ། སྤུས་ཚད་འགན་ལེན་སོགས་ཚུད་ཡོད། 2015ལོའི་ཟླ་10པ་ནས་བཟུང་ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་འདུ་འགོད་མ་རྐང་ཚད་ཡོད་ཀུང་སིས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་དུས་བཀག་ལྟར་གློག་ཁང་སྒྱུར་བཀོད་ཀྱི་ལས་དོན་ཚང་མ་ལེགས་གྲུབ་བྱས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་བྷེ་ཨུ་རུ་སུར་འཛམ་གླིང་དངུལ་ཁང་ནས་དངུལ་བུན་ཐེངས་དང་པོ་གཡར་ཏེ་ནུས་རྒྱུ་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་བྱས་པ་ཞིག་རེད། རྣམ་གྲངས་ལག་བསྟར་གྱི་ལྷུ་ཚིགས་ཁག་ལ་དོ་བདག་གི་ལག་རྩལ་ཆེ་མོ་བའི་ཞིབ་བཤེར་དང་ལེན་བྱེད་དགོས་ལ་འཛམ་གླིང་དངུལ་ཁང་གི་རིགས་གཅིག་མཁས་ཅན་གྱི་ལྟ་སྐུལ་ཡང་དང་ལེན་བྱེད་དགོས། རྣམ་གྲངས་དེ་བདེ་བླག་ངང་ལག་ལེན་བསྟར་བ་དེས་འཛམ་གླིང་དངུལ་ཁང་ནས་དངུལ་བུན་གཡར་བའི་རྣམ་གྲངས་ནང་ཀྲུང་གོའི་ཁེ་ལས་ཀྱིས་གཟུགས་བརྙན་ཡག་པོ་གཏོད་རྒྱུར་ཚོད་ལྟ་ཡག་པོ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།