འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རིགས་ཆེན་པོ་བཅུ་ཡི་བྱེད་སྒོ་ཁག་བརྒྱ་གྲངས་བཏོན་ནས་དགུན་དཔྱིད་ཡུལ་སྐོར་
    དུས་ཚིགས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་གྱིས་སྤྲོ་སྣང་ལྡན་པའི་དགུན་དུས་ཀྱི་གངས་འཁྱགས་ཡུལ་སྐོར་དང་། “མངོན་མིན་རིག་གནས་ཤུལ་བཞག”གི་ཆོས་ལུགས་རིག་གནས་ཡུལ་སྐོར། དམངས་སྲོལ་གོམས་གཤིས་མྱོང་རོལ་ཡུལ་སྐོར། ཁང་ཕྱིའི་ལུས་སྦྱོང་འགྲན་སློང་ཡུལ་སྐོར་སོགས་རིགས་ཆེན་པོ་བཅུ་ཡི་བྱེད་སྒོ་ཁག་བརྒྱ་གྲངས་བཏོན་ནས་ས་མཐོའི་དགུན་དཔྱིད་ཡུལ་སྐོར་ཁྱབ་གདལ་བཏང་བ་རེད།
          ད་ཐེངས་ཀྱི་2017ལོ་ནས་2018ལོ་བར་གྱི་དགུན་དཔྱིད་ཡུལ་སྐོར་གྱིས“མཛེས་སྡུག་ལྡན་པའི་ཁྱད་འཕགས་མཛེས་ལྗོངས་འཚོལ་ཞིབ་དང་། མཛེས་སྡུག་ལྡན་པའི་དགུན་དུས་ཉམས་འགྱུར་ལྟ་དཔྱད། མཛེས་སྡུག་ལྡན་པའི་དམངས་སྲོལ་མྱོང་རོལ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་2017ལོའི་ཟླ་བཅུ་པ་ནས་2018ལོའི་ཟླ་གསུམ་པ་བར་འཚོག་རྒྱུ་རེད། དེའི་རིང་མཚོ་སྔོན་གྱི་དགུན་དུས་ཁྱད་ཆོས་དང་ཟུང་འབྲེལ་གྱིས་བྲག་དཀར་རྫོང་གསེར་དངུལ་གྲམ་ཐང་འཁྱགས་རོམ་གྱི་རབ་དགའི་དུས་ཆེན་དང་། གོ་ཏམ་སྡེ་དགེ་འཁྱགས་རོམ་དགའ་ནེའུ་དུས་ཆེན། མཚོ་ལྷོ་ཀྲོའུ་ཡི་མི་རིགས་མདའ་འཕེན་འགྲན་བསྡུར། སྤང་པ་རྟ་རྒྱུག་འགྲན་བསྡུར། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་སོགས་འདོན་རྒྱུ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་རིང་། མཚོ་སྔོན་ཞིང་ཆེན་དུ་ཟླ་བ་རེར་བཀོད་སྒྲིག་རེ་དང་གཟའ་འཁོར་རེར་བྱེད་སྒོ་རེ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་སྐོར་གཟིགས་པ་གཞོན་པ་མཱ་ཅིང་ཀང་གིས་མཚོ་སྔོན་གྱི་དགུན་དཔྱིད་ཡུལ་སྐོར་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད། ཉེ་བའི་ལོ་ལྔའི་རིང་དགུན་དཔྱིད་དུ་ཡུལ་སྐོར་བྱེད་མཁན་དུས་མཚུངས་ལས་ཆ་སྙོམས་20%ཡན་འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་དུས་མཚུངས་ལས་ཆ་སྙོམས་30%ཡན་འཕར་ནས་དགུན་དཔྱིད་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།