འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དུས་ཚིགས་དང་པོ་ནས་གསུམ་པ་བར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་
    340ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་9པ་བར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་དོ་པོ་སྐྱེལ་འདྲེན་བྱེད་ཚད་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། དེའི་རིང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་347.56ཟིན་པ་དེ་དུས་མཚུངས་ལས་མི་ཁྲི་35.82འཕར་ནས་འཕར་ཚད་11.5%ཟིན་པ་དང་། དོ་པོ་སྐྱེལ་འདྲེན་བྱེད་ཚད་ཏུན་26598.3ཟིན་པ་དེ་དུས་མཚུངས་ལས་ཏུན་5006.5འཕར་ནས་འཕར་ཚད་23.2%ཟིན་པ། གནམ་གྲུ་འབབ་འཕུར་བྱེད་ཐེངས་ཁྲི་3.14འགན་ལེན་བྱས་པ་དེ་དུས་མཚུངས་ལས་ཐེངས་1879འཕར་ནས་འཕར་ཚད་6.4%ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།