འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གནས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་
    དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཟླ་10ཚེས་24ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་དང་ཆབས་ཅིག་ས་གནས་ཁག་ཏུའང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་ཞིང་། ལས་བྱེད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་པོ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་བྱེད་པའི་ཐོག་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུས་ཐོག་ཏུ་གཞི་རིམ་ལ་བརྒྱུད་བསྒྲགས་བྱེད་འགོ་ཚུགས་པ།
         ཚེས་26ཉིན་གྱི་སྔ་དྲོར་པེ་ཅིང་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་ཤིང་། ཚོགས་འདུས་བརྙན་ལམ་བརྒྱུད་ནས་ཚོགས་འདུའི་ནང་དོན་སྲང་ལམ་དང་ཤང་དང་གྲོང་རྡལ་ཁག་ཚང་མར་བརྒྱུད་བསྒྲགས་བྱས་པ་རེད། ཚེས་26ཉིན་གྱི་ཕྱི་དྲོ་པེ་ཅིང་གྲོང་ཁྱེར་གྱི་ཆུས་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་དང་། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གྲོང་ནུབ་ཆུས་ཨུད་ཀྱི་ཧྲུའུ་ཅིས་ཆུས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པར་སྒྲོག་འགྲེལ་ཐེངས་དང་པོ་བྱས་པ་རེད།
         ཉིན་ཤས་བསྟུད་མའི་རིང་རྒྱང་བསྒྲགས་ས་ཚིགས་138དང“སྒྲ་དུང་ཆེན་པོ”276བརྒྱུད་ཅང་ཤིས་ནན་ཁྲང་རྫོང་ཅང་ཀང་གྲོང་རྡལ་གྱི་མང་ཚོགས་ཁྲི་10ལྷག་ཙམ་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དུས་ཐོག་ཏུ་ཉན་པ་རེད།
        བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་པ།
         ཚེས་26ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཀྲུང་གིས་ཐེན་ཅིན་གྲོང་ཨུད་རྒྱུན་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས། ཐེན་ཅིན་གྲོང་ཁྱེར་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད། ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། བརྡར་ཤ་གལ་ཆེན་བཅད་པ། བྱ་ཐབས་གལ་ཆེན་བཅས་གསར་པ་རབ་དང་རིམ་པར་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། གོ་བ་གཏིང་ཟབ་ལེན་དགོས་པ། ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལས་འགན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་མཛད་ཇུས། གོམ་སྟབས་གཉིས་སུ་ཕྱེ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གསར་པ། སླད་ཕྱིན་དུས་སྐབས་ཤིག་རིང་གི་འཐབ་ཇུས་ལས་འགན། ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ལས་འགན་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྒྲིལ་ཡོང་བ་བྱས་པ།
         ཉིན་ཤས་བསྟུད་མར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཐིག་ལེན་རིས་འབྲི་ས་ཁམས་ཆ་འཕྲིན་ཅུས་ཀྱི་ལས་བྱེད་ལས་བཟོ་ཚོས་ཚན་པའི་སྡོད་གནས་དང་། ཕྱི་རོལ་གྱི་ཚད་འཇལ་ཁུལ། གྲོང་སྡོད་ལས་དོན་རུ་ཁག་བཅས་སུ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཚ་ཚ་འུར་འུར་ངང་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད། ཐིག་ལེན་རིས་འབྲི་ཅུས་ཀྱི་ལས་བྱེད་པ་ལི་རུའེ་ཡིས“ཐིག་ལེན་རིས་འབྲི་བ་ཞིག་ཡིན་པའི་ངོས་ནས་མེས་རྒྱལ་ལ་ཉིན་བཞིན་འཕོ་འགྱུར་ཆེན་པོ་འགྲོ་བའི་མྱོང་ཚོར་ཟབ་མོ་བྱུང་ལ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏིང་ནས་འཕྱུར་བའི་ཐོབ་ཚོར་ཡང་ཤེས་རྟོགས་བྱུང་། དུས་རབས་གསར་པར་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། ང་ཚོས་ལས་ཀ་ཧུར་ཐག་བསྒྲུབས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་དེ་བས་ལེགས་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།