འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཁྲལ་འབབ་བརྟན་པོའི་ངང་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲལ་དོན་སྡེ་ཚན་གྱི་ཁྲལ་འབབ་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་དོན། འདི་ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་99237(ཕྱིར་གཏོང་ཁྲལ་སློག་འཐེན་པ)བསྡུས་པ་དེ་དུས་མཚུངས་ལས་10.6%འཕར་ཏེ་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡར་བརྩོན་གྱི་རྣམ་པ་སྔར་བས་མངོན་གསལ་དོད་དུ་སོང་ཡོད།
         ས་ཁོངས་ཀྱི་ཁྲལ་འབབ་བརྟན་ལ་མགྱོགས་པའི་སྒོ་ནས་འཕར་བ་དང་། དེ་ལས་ས་ཁོངས་ཀྱི་མཐུན་སྦྱོར་རང་བཞིན་སྔར་བས་ཆེ་རུ་སོང་བ་མཚོན་ཐུབ། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་ས་ཁུལ་བཅས་ཀྱི་ཁྲལ་འབབ་7.8%དང་། 18% 15.3% 7.6%བཅས་སོ་སོར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།