འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིན་མེད་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རིགས་14བར་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་རིམས་འགོག་སྨན་ཁབ་དང་། བྱིས་པའི་བདེ་ཐང་དོ་དམ། གཅོང་ནད་ཕོག་མཁན་གྱི་བདེ་ཐང་གཡོག་བྱེད་སོགས་ཚུད་པའི་རིན་མེད་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རིགས་14བར་མང་དུ་ཕྱིན་ཡོད།
         གྲངས་གཞི་ལས་མངོན་དོན། རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་ནོར་སྲིད་ཁ་གསབ་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། 2016ལོའི་ལོ་མཇུག་བར་གྲོང་མིའི་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོ་ཚད་76.9%ཟིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་གྱིས་རང་རྒྱལ་གྱིས་གཞི་རིམ་གྱི་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་སྟེ། བྱིས་པའི་ཚན་ཁག་དང་། བུད་མེད་དང་བུ་བཙའ་ཚན་ཁག སྦྲིད་སྨན་ཚན་ཁག་བཅས་སུ་ཤེས་ལྡན་མི་སྣ་ཁ་ཐང་བ་སོགས་ཀྱི་ཞན་ཆ་གསབ་ནས། མི་དམངས་མང་ཚོགས་ལ་འཐུས་སྒོ་ཚང་བའི་བདེ་ཐང་འགན་ལེན་དྲ་རྒྱ་འཛུགས་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།