འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་རླུང་འཚུབ་དྲག་པོའི་གནོད་འཚེ་ཕོག་པའི་
    ཁུ་པའི་གྲོང་མིར་ཨ་སྒོར་ཁྲི་570རི་བའི་བཟའ་བཅའི་རོགས་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཏའེ་ཝེ·པི་སི་ལིས་ཉིན་ཤས་གོང་རླུང་འཚུབ་དྲག་པོ“ཨའེར་མ”ཡི་གནོད་འཚེ་ཕོག་པའི་ཁུ་པའི་གྲོང་མིར་ཨ་སྒོར་ཁྲི་570རི་བའི་བཟའ་བཅའི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         པི་སི་ལིས་དེ་ཉིན་ཧ་ཝ་ན་ནུབ་རྒྱུད་མཚོ་འགྲམ་གྲོང་ཁྱེར་དུ་ཆགས་པའི་མའེ་མ་ཉི་ཐ་སི་སྡེ་ཁུལ་དུ་རྟོག་ཞིབ་བྱས་པ་རེད། པི་སི་ལིས་ཁུ་པའི་མི་དམངས་ཀྱིས་སེམས་ནུས་གཅིག་སྒྲིལ་ངང་གེགས་རྗེས་བསྐྱར་སྐྲུན་བྱེད་པའི་བསམ་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་རོགས་སྐྱོར་བྱེད་སྟངས་དང་ཁུ་པ་སྲིད་གཞུང་གི་གེགས་སེལ་བྱ་སྤྱོད་གསབ་རེས་བྱས་ནས་གནོད་འཚེ་ཕོག་མཁན་ལ་བདེ་འཇགས་ལྡན་པའི་བཟའ་བཅའ་མཁོ་སྤྲོད་བརྟན་པོ་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།