འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་བདག་སྐྱོང་ལས་ལས་ཞུགས་འཕར་མ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ང་ལ་ལས་ཀ་དངོས་སུ་རག་པས་ཟླ་རེར་གླ་ཆ་སྒོར་1200ཡོད། ཡོང་སྒོ་དེས་ངའི་ཁྱིམ་ཚང་ལ་ཕན་པ་ཆེན་པོ་ཐོགས་བྱུང”ཞེས་ཉེ་ཆར་རྫ་མ་སྐེ་ཤང་ཆུ་ཤར་གྲོང་ཚོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལི་ཧྲེང་ཁུའེ་ཡིས་རི་སྐོར་ལ་འགྲོ་བའི་སྐབས་བཤད།
         མདོ་ལ་རིང་མོ་སོགས་སྣོད་བཅུད་ནུས་ཁུལ་གཙོ་བོ་སྲུང་སྐྱོང་བྱས་ནས་རྒྱ་ཆེའི་མང་ཚོགས་ལ“སྣོད་བཅུད་སྲུང་སྐྱོང་ལས་བྱུང་བའི་ཕན་པ”ལོངས་སུ་སྤྱོད་ཐུབ་ཆེད། མདོ་ལ་རྫོང་གིས་རྫོང་ཡོངས་སུ་ཡིག་ཚགས་དང་གཱ་བཟོ་བའི་ཆ་རྐྱེན་འཛོམས་པའི་དུད་ཚང་དབུལ་པོ་ཐེམ་དུད་རེར་སྣོད་བཅུད་སྤྱི་ཕན་གྱི་བདག་སྐྱོང་ལས་ཀ་རེ་ཡོད་པར་བརྩོན་ལེན་ཧུར་ཐག་བྱས་ནས་སྣོད་བཅུད་སྲུང་སྐྱོང་ལས། ལས་ཞུགས་འཕར་མ་དང་བརྟན་པོའི་ངང་དབུལ་སྒྲོལ་མངོན་འགྱུར་ཡོང་བ་བྱས་ཤིང་། རྫོང་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ནགས་ཚལ་དང་། སྤྱི་ཕན་ནགས་ཚལ། འདམ་ར། རང་བྱུང་སྲུང་སྐྱོང་ཁུལ། རི་རྒྱ་ནགས་གསོ། ས་སྟོང་ནགས་བཟོ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་བཀོད་སྒྲིག་བསྡུ་སྒྲིལ་བྱས་ནས་སྣོད་བཅུད་དབུལ་སྐྱོར་གྱི་བདག་སྐྱོང་ལས་གནས་དོན་འཁྱོལ་ཡང་བྱས་ཡོད།
         ད་བར་རྫོང་ཡོངས་ནས་ནགས་སྲུང་བ་989བསྡུས་ནས་ནགས་ལས་སྣོད་བཅུད་དབུལ་སྐྱོར་གྱི་ལས་གནས་སྤྲོད་པའི་ལས་འགན་ཚད་བརྒལ་ལེགས་གྲུབ་བྱས་ཏེ་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་ཐེམ་དུད་1587གྱི་62%བཟུང་བའི་ཁྲོད་སྤྱི་ཕན་ནགས་ཚལ་དང་། རང་བྱུང་ནགས་ཚལ་བདག་སྐྱོང་གི་ལས་གནས་859དང་། འདམ་ར་བདག་སྐྱོང་གི་ལས་གནས་87 རང་བྱུང་ནགས་ཚལ་གྱི་རི་རྒྱ་བསྡམས་པའི་ལས་གནས་41 མདོ་ལ་རིང་མོ་སྣོད་བཅུད་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལ་མི་2བཅས་ཡོད་པ་རེད།
         བདག་སྐྱོང་བ་བསྡུ་བ་ནི་ནགས་ལས་ཐིང་གིས་བཀྲམ་པའི་འབྲེལ་ཡོད་བདག་སྐྱོང་བ་དོ་དམ་བྱ་ཐབས་ལྟར་ལག་ལེན་བསྟར་བ་ཞིག་སྟེ། རྫོང(ཆུས)དང་། ཤང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ཚོགས་ཆུང་གིས་རིམ་པ་བཞིན་ཞིབ་དཔྱད་འདེམས་སྒྲུག་བརྒྱུད་ཤང་དང་གྲོང་རྡལ་སྲིད་གཞུང་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྣོད་བཅུད་ནགས་སྲུང་བའི་དབར་གན་རྒྱ་བཞག་པ་དང་། ཤང་དང་གྲོང་རྡལ་གྱི་ནགས་ལས་ས་ཚིགས་ཀྱིས་གསོ་སྦྱོང་དང་དོ་དམ་གྱི་འགན་ཁུར་ནས་ཐེམ་དུད་རེར་ལས་གནས་རེ་ལག་ལེན་བསྟར་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།