འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་ཐེར་འདོན་བརྒྱུད་སྤྲོད་ཐག་གཅོད་དང་ལྟ་སྐུལ་གྱི་ཞོར་དུ་
    ལེགས་བཅོས་ཡོངས་བསྒྲགས་བྱས་ཚུལ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དྲུག་པས་བོད་ལྗོངས་ལ་ཐེངས་ཉེར་བདུན་པའི་གྱོད་དོན་ཁག་49ཐག་གཅོད་བྱེད་བྱར་སྤྲད་པ་རེད། ད་ལྟའི་བར་དུ། རིམ་པར་བསགས་ན། བརྒྱུད་སྤྲོད་བྱས་པའི་གྱོད་དོན་ཁག་820ལས། གྱོད་དོན་641ཐག་གཅོད་བྱས་ཟིན་པ་དེའི་ཁྲོད་དུ་གྱོད་དོན་འཐོལ་པ་41ཐག་གཅོད་བྱས་ཡོད། 
          མི་གྲངས་177ལ་ཁ་འཆད་གྲོས་མོལ་བྱས་པ་དང་། མི་གྲངས་133ལ་འགན་འཁྲི་རྩད་གཅོད་བྱས་པ་རེད། ཁྱོན་བསྡོམས་མི་གྲངས་597ལ་ལེགས་བཅོས་བྱེད་འགན་དཀྲིས་པ་དང་། གྱོད་དོན་ཐོ་འགོད་བྱས་ཏེ་ཁྲིམས་ཆད་བཅད་པ་525ཟིན་པ། དངུལ་ཆད་སྒོར་ཁྲི་1600.41བཅད་པ། མི་1སྲིད་འཛིན་བཀག་སྐྱིལ་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།