འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ། འཚོ་བ་ཡག་པོ་མཉམ་དུ་བསྐྱལ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཧྥན་དང་ཡང་ཝུན་མིང་། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མཉམ་གནས་མཉམ་དར་བྱས་ཏེ་ཞི་མཐུན་འཕེལ་རྒྱས་བཏང་བ།
          2013ལོ་ནས་2016ལོ་ཁོ་ནར་མི་རིགས་འཕེལ་རྒྱས་ཐད་མ་དངུལ་སྒོར་དུང་ཕྱུར་14ཙམ་བཏང་བ།
          ཡུན་ནན་ཞིང་ཆེན་གྱིས“རྫོང་བཅུ་ཤང་བརྒྱ་གྲོང་ཚོ་སྟོང་དང་དུད་ཚང་ཁྲིའི་དཔེ་སྟོན་གཏོད་པའི་འདུ་འགོད”ལ་སྐུལ་འདེད་བཏང་བ་བརྒྱུད་2013ལོ་ནས་2016ལོ་ཁོ་ནར་མི་རིགས་འཕེལ་རྒྱས་ཐད་མ་དངུལ་སྒོར་དུང་ཕྱུར་14བཏང་བ་དང་། རིམ་ཁག་སྡེ་ཚན་ཁག་གི་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་85ལྷག་ཟིན་པ། དཔེ་སྟོན་རྫོང་10དང་། དཔེ་སྟོན་ཤང་གྲོང་100 དཔེ་སྟོན་གྲོང་ཚོ(ཁྱད་ལྡན་གྲོང་སྡེ་དང་སྡེ་ཁུལ)1078བཅས་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དུད་ཚང་ཁྲི་1སྐྲུན་ནས་གྲོང་མིའི་ཁྱད་ཆོས་ལྡན་པ་དང་། ཐོན་ལས་རྒྱ་སྟོབས་ཆེ་བ། ཁོར་ཡུག་ལེགས་པ། དམངས་ཕྱུག་གྲོང་མཛེས་མི་རྣམས་ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་ཁྱད་ལྡན་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གཅིག་བཏོད་པས་ཁུན་མིང་གྲོང་ཁྱེར་ཅིན་ཤིང་སྡེ་ཁུལ་དང་ཀུང་ཧྲན་རྫོང་ཏུའུ་ལུང་ཅང་ཤང་དང་ཀའོ་ཏེ་རོང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དང་དཔེ་བཟང་ཁག་གཅིག་ཐོན་ནས་གནས་ལས་རྒྱུད་གྱུར་པ་དང་། རྒྱུད་ལས་ཡུག་ཏུ་གྱུར་པ། ཡུག་ལས་ངོས་སུ་གྱུར་པ་བཅས་ཀྱི་དཔེ་སྟོན་གསར་འཛུགས་ཀྱི་རྣམ་པ་ཞིག་ཆགས་ཡོད།
         ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་པ།
        “མི་རིགས་གཅིག་ལ་བྱ་སྤྱོད་འཆར་གཞི་གཅིག”ལས་གནད་སྨིན་དབུལ་སྐྱོར་འཚོལ་ཞིབ་བྱས་པ།
         ཡུན་ནན་ཞིང་ཆེན་གྱིས“མི་རིགས་གཅིག་ཀྱང་རྗེས་སུ་གཏན་ནས་མི་ལུས་པ་དང་མི་རིགས་ས་ཁུལ་གཅིག་ཀྱང་རྗེས་ལུས་གཏན་ནས་མི་ཐེབས་པ་བྱ་རྒྱུའི”ཁས་ལེན་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 2016ལོར་ཡུན་ནན་ཞིང་ཆེན་གྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་6075.3ཟིན་ནས་དུས་མཚུངས་ལས་9.8%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་7081.3ཟིན་ནས་དུས་མཚུང་ལས་22.7%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27362ཟིན་ཏེ་དུས་མཚུངས་ལས་8.8%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8971ཟིན་ཏེ་དུས་མཚུངས་ལས་9.8%འཕར་ནས་སྤྱིར་ན་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་སླེབས་ཡོད།
        ཐུན་མོང་ཡར་རྒྱས་ཡོང་བར་བྱས་ཏེ་མདུན་གྲལ་དུ་བསྐྱོད་པ།
         2020ལོར་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་ཟིན་པ་བྱ་རྒྱུ།
         2017ལོའི་ཟླ་2པར་ཡུན་ནན་ཞིང་ཆེན་གྱིས་《ཡུན་ནན་ཞིང་ཆེན་གྱིས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་འཆར་འགོད་(2016ལོ་ནས་2020ལོ་བར)》པར་འགྲེམས་དང་ལག་བསྟར་བྱས་ཏེ་དཔེ་སྟོན་ཁུལ་དེ་ཉིད་སྒྲིག་གཞི་ཅན་དང་། ལས་གྲྭ་ཅན། རྣམ་གྲངས་ཅན་བཅས་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
         འབྱོར་འབྲིང་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་པར་ལམ་ལུགས་ལ་བརྟེན་དགོས། 《འཆར་འགོད་》ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པར་ཡུན་ནན་ཞིང་ཆེན་གྱིས་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་ཕན་ཚུན་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ་བཅས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀའི་རྣམ་པ་འཐུས་ཚང་དུ་གཏོང་དགོས་པ་བཏོན་ནས། རིམ་ཁག་དཔེ་སྟོན་ཁུལ་གྱིས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གི་འགན་འཁུར་དགོས་པའི་བླང་བྱ་བཏོན་ཡོད། རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་གནད་སྨིན་ཡོང་བར་བྱ་ཆེད་དང་། ཞིང་ཆེན་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པས་ལོ་ལྟར་དཔེ་སྟོན་ཁུལ་རྣམ་གྲངས་ཀྱི་མ་དངུལ་འཆར་གཞི་བཟོ་དགོས་པ་དང་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་དང་ཁས་ལེན་ཡི་གེ་འཇོག་དགོས་པ་ཁ་གསལ་བཏོན་ཡོད། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་ཆེད། དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་བསྡུར་གྱི་ནང་དོན་གལ་ཆེན་ལ་བཅུག་ནས་ཞིང་ཆེན་རིམ་པའི་སྡེ་ཚན་དང་ཀྲོའུ་དང་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ལས་འགན་སྒྲུབ་ཚུལ་དང་དཔྱད་ཞིབ་ལེགས་འདེམས་ཀྱི་གཞི་འཛིན་ས་གལ་ཆེན་ལ་བརྩི་དགོས་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།