འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ནཱ་ཡུང་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་སྟེ་མི་3གྲོངས་པ་དང་མི་32གར་སོང་ཆ་
    མེད་དུ་གྱུར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀུའེ་ཀྲོའུ་ནཱ་ཡུང་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་སྟེ་མི་3གྲོངས་པ་དང་མི་32གར་སོང་ཆ་
མེད་དུ་གྱུར་ཡོད་པ།
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་གྱི་ཆུ་ཚོད་10དང་སྐར་མ་46སྐབས། ཀྲུང་གོའི་ས་ཡོམ་བརྟག་དཔྱད་ལས་ཁུངས་ཀྱི་དྲ་བས་ཀུའེ་ཀྲོའུ་ཞིང་ཆེན་ནཱ་ཡུང་རྫོང་ཀྲང་ཅ་ཝན་གྲོང་རྡལ་གྱི་ཕུའུ་སཱ་གྲོང་ཚོར་རི་ཉིལ་གནོད་འཚེ་བྱུང་ཚུལ་ཟིན་བྲིས་འཁོད་པ་རེད། གནོད་འཚེ་བྱུང་རྗེས། ཀུའེ་ཀྲོའུ་ཞིང་ཆེན་ས་ཡོམ་བརྟག་དཔྱད་ཅུས་ཀྱིས་དུས་ཚོད་དང་པོར་ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཅུས་ལ་སྙན་ཞུ་ཕུལ་ཞིང་། ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཀྲེང་གོ་ཀོང་གི་ཀུའེ་ཀྲོའུ་ཞིང་ཆེན་ས་ཡོམ་བརྟག་དཔྱད་ཅུས་ཀྱིས་མགྱོགས་མྱུར་མི་སྣ་མངགས་གཏོང་བྱས་ཏེ་གནོད་འཚེ་བྱུང་ཁུལ་དུ་མྱུར་སྐྱོབ་ལས་དོན་ལ་ཞུགས་པར་འགྲོ་རྒྱུའི་མཛུབ་སྟོན་བྱས་པ་རེད། ཉིན་དེའི་ཕྱི་དྲོར། ཀུའེ་ཀྲོའུ་ཞིང་ཆེན་ས་ཡོམ་བརྟག་དཔྱད་ཅུས་ཀྱི་ཡུལ་དངོས་ལས་སྒྲུབ་རུ་ཁག་གིས་མི་མེད་གནམ་གྲུ་དང་། གསོན་པོ་འཚོལ་ཆས། འགུལ་སྐྱོད་ས་ཡོམ་ལྟ་དཔྱད་ཚད་འཇལ་འཕྲུལ་ཆས་སོགས་ཁྱེར་ནས་གེགས་ཁུལ་དུ་བསྐྱོད་ནས་ཡུལ་དངོས་སུ་ཉེན་སེལ་མྱུར་སྐྱོབ་ལས་དོན་ལ་ཞུགས་པ་རེད།
           གནོད་འཚེ་བྱུང་ཁུལ་དངོས་སུ་ཀུའེ་ཀྲོའུ་ཞིང་ཆེན་ས་ཡོམ་བརྟག་དཔྱད་ཅུས་ཀྱིས་འཕྲལ་མར་འགུལ་སྐྱོད་ས་ཡོམ་ལྟ་དཔྱད་ཚད་འཇལ་དྲ་རྒྱ་བཙུགས་ནས་ལྟ་དཔྱད་ཚད་འཇལ་བྱེད་འགོ་བཙུགས་པ་དང་། མི་མེད་གནམ་གྲུ་འཕུར་གཏོང་བྱས་ནས་རི་ཉིལ་བའི་གནས་ཚུལ་ཧྲིལ་པོ་མྱུལ་ཞིབ་བྱེད་བཞིན་ཡོད་པ་དང་། གསོན་པོ་འཚོལ་ཆས་བཀོལ་ནས་ཡུལ་དངོས་མྱུར་སྐྱོབ་ལས་དོན་ལ་གཞོགས་འདེགས་བྱེད་བཞིན་ཡོད་པ་རེད།
          ཟླ་8ཚེས་28ཉིན་གྱི་ཆུ་ཚོད་20དང་སྐར་མ་30བར་དུ། རི་ཉིལ་གནོད་འཚེ་ལས་མི་3གྲོངས་པ་དང་། མི་7ལ་རྨས་ཕོག་པ། མི་32གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། མིག་སྔར་མྱུར་སྐྱོབ་ལས་དོན་ཁག་བྲེལ་བ་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཀུའེ་ཀྲོའུ་ནཱ་ཡུང་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་སྟེ་མི་3གྲོངས་པ་དང་མི་32གར་སོང་ཆ་
མེད་དུ་གྱུར་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།