འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྱོངས་རྒྱས་རྫོང་གི་ལྷ་ཡུལ་གཞས་ཆེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཕྱོངས་རྒྱས་རྫོང་གི་ལྷ་ཡུལ་གཞས་ཆེན།
         མི་དམངས་དྲ་བའི་འཕྲིན། གཞས་ཆེན་ནི་སྔོན་ཆད་དཔོན་ཆེན་ཁྲི་འདོན་དང་སྤྲུལ་སྐུ་གསེར་ཁྲི་མངའ་གསོལ། ཁང་གསོལ། མནའ་མ་སྟེར་ལེན་སོགས་ཀྱི་མཛད་སྒོ་ཆེན་པོའི་ཐོག་ཏུ་མཐོང་རྒྱུ་ཡོད་པ་དང་། མི་རྣམས་ཀྱིས་བཀྲ་ཤིས་གླུ་གར་ཞེས་འབོད་པ་རེད། གཞས་ཆེན་གྱི་གཞས་མ་དང་གཞས་པ་ནི་དུས་རབས་བརྒྱད་པའི་སྐབས་སུ་བྱུང་ཞིང་། གཞས་མ་བྱུང་བའི་རྨང་གཞིའི་ཐོག་དམངས་ཁྲོད་ཀྱི་གླུ་གར་སྒོར་གཞས་བསྡུ་ལེན་དང་དཔྱད་གཞིར་བཟུང་ནས་གཞས་ཆེན་འཁྲབ་སྟོན་བྱེད་སྟངས་འདི་གྲུབ་པ་རེད། ད་ལྟ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་12ཡོངས་སུ་ཁྱབ་པ་དང་། ས་གནས་ཁ་ཤས་ཀྱིས་འདི་ལ"སྐྱིད་གླུ"དང་། "བདེ་གླུ""གཞས་དབང"སོགས་འབོད་སྲོལ་སྣ་མང་ཡོད་ལ། འཕྱོངས་རྒྱས་རྫོང་དུ་གཞས་ཆེན་འབོད་ཀྱི་ཡོད་པ་རེད། འཕྱོངས་རྒྱས་ཀྱི་ལོ་རྒྱུས་ཁོར་ཡུག་དམིགས་བསལ་ཅན་གྱིས་གཞས་ཆེན་འཕེལ་རྒྱས་བྱུང་བར་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། འཕྱོངས་རྒྱས་རང་གི་ཁྱད་ཆོས་ཐུན་མིན་ལྡན་པའི་ལྷ་ཡུལ་གཞས་ཆེན་གྲུབ་པ་དང་། གཞས་ཆེན་འདི་ཉིད་2017ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་ཐོར་འཁོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།