འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནས་བོད་རྒྱ་སྐད་གཉིས་ཤེས་པའི་གཞུང་ལས་པ་བསྡུ་རྒྱུ་ཡིན་པ།

    གཞུང་ལས་པའི་ལས་གནས་231མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མི་སྤྱི་པུའུ་དང་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་འགོ་ཁྲིད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་གཞུང་ལས་པ་ཅུས་རྒྱུགས་སྤྲོད་ལས་བསྡུ་སིའི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་《མི་སྤྱི་པུའུ་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་2017ལོར་བོད་ནས་བོད་རྒྱ་སྐད་གཉིས་ཤེས་པའི་གཞུང་ལས་པ་བསྡུ་རྒྱུའི་སྤྱི་བསྒྲགས་》དང་《2017ལོར་བོད་ནས་བོད་རྒྱ་སྐད་གཉིས་ཤེས་པའི་གཞུང་ལས་པ་བསྡུ་རྒྱུའི་འཆར་གཞི་》ཡོངས་བསྒྲགས་བྱས་པ་རེད།
         ད་ཐེངས་རྒྱུགས་སྤྲོད་ལས་བསྡུའི་ས་ཁུལ་དང་སྡེ་ཚན་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན། ཧྲན་ཏུང་། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་། ཧྲའན་ཤིས་སོགས་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)17དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཐད་གཏོགས་སྒྲིག་གཞི་ཁག་གཅིག་ཡིན་པ་རེད། ད་ཐེངས་ཀྱི་ལས་བསྡུའི་ནང་གཞུང་ལས་པའི་ལས་གནས་231མཁོ་འདོན་བྱས་ཡོད་ཅིང་ལས་བསྡུ་བྱ་ཡུལ་ནི་བོད་རྒྱ་སྐད་གཉིས་ཁོང་དུ་ཆུད་པ་དང་། 2017ལོར་ཐོན་སྐྱེ་ཁུངས་བོད་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མ་ཡིན། སློབ་ཐོན་སློབ་མས་ད་ཐེངས་ཀྱི་ལས་བསྡུ་དང་2017ལོའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁག་དང་པོའི་ཡོངས་བསྒྲགས་ལས་བསྡུ་ལ་དུས་གཅིག་ཏུ་མིང་ཐོ་འགོད་ཆོག་པ་དང་། ལས་བསྡུའི་ལས་གནས་ཀྱི་ཆེད་ལས་ལ་སྤྱི་ཡོངས་ཀྱི་བླང་བྱ་བཏོན་པ་ལས་ཞིབ་ཕྲའི་ཚོད་འཛིན་བཟོས་མེད་པ་རེད། ལས་གནས་24ལ་ཆེད་ལས་ཀྱི་རེ་བ་བཏོན་མེད་ལ་སློབ་རྒྱུས་ཀྱི་རེ་བ་ལྷུག་ཏུ་འོས་འཚམ་བཏང་ཡོད་པ་དང་། དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་ལས་གནས་190དང་ཆེད་སྦྱོང་ཚན་ཁག་དང་དེ་ཡན་གྱི་ལས་གནས་40ཡོད་པ་རེད།
         རྒྱུགས་སྤྲོད་ལ་ཡིག་རྒྱུགས་དང་ངོ་རྒྱུགས་གཉིས་སུ་ཕྱེ་ཡོད། ཡིག་རྒྱུགས་ལ་སྲིད་འཛིན་ལས་རིགས་འཇོན་ཐང་ཚད་ལེན་དང་རྒྱས་བཤད་གཉིས་ཡོད་པ་དང་རྒྱུགས་སྤྲོད་སློབ་མས་2017ལོའི་ཟླ་8ཚེས་28ཉིན་གྱི་ཆུ་ཚོད་9:00ནས་ཟླ་9ཚེས་1ཉིན་གྱི་ཆུ་ཚོད་18:00བར་བོད་རང་སྐྱོང་ལྗོངས་མི་སྤྱི་ཆ་འཕྲིན་དྲ་བར(http://www.xz.hrss.gov.cn)ཞུགས་ཏེ་དྲ་ཐོག་ནས་མིང་ཐོ་འགོད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།