འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཕྱི་ནང་གི་མཁས་དབང་བརྒྱ་ལྷག་ཙམ་ཨ་ལ་ཧྲན་དུ་འཛོམས་ནས་མི་ཉག་རིག་
    པར་འཚོལ་ཞིབ་དང་ཞིབ་འཇུག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན། སྐབས་ལྔ་པའི་མི་ཉག་རིག་པའི་རྒྱལ་སྤྱིའི་རིག་གཞུང་གླེང་སྟེགས་དང་ཧེ་ཧྲུའེ་གྲོང་ལོ་རྒྱུས་རིག་གནས་བགྲོ་གླེང་ཚོགས་འདུ་ནང་སོག་ཨ་ལ་ཧྲན་མོང་དུ་འགོ་ཚུགས་པ་དང་། ཀྲུང་གོ་དང་། ཧྥ་རན་སེ། ཁ་ན་ཏ་བཅས་དང་དེ་བཞིན་ཤང་ཀང་དང་ཐའེ་དབན་ས་ཁུལ་གྱི་མཐོ་སློབ་དང་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཚན་པ་70ལྷག་ཙམ་གྱི་མི་ཉག་རིག་པའི་རིགས་གཅིག་མཁན་ཅན་དང་མཁས་དབང་150ལྷག་ཙམ་གྱིས་དུས་ཡུན་ཉིན་བཞིའི་ཚོགས་འདུའི་ནང་མི་ཉག་གི་ལོ་རྒྱུས་རིག་གནས་བགྲོ་གླེང་བྱས་ནས་མི་ཉག་རིག་པའི་ཞིབ་འཇུག་བྱས་འབྲས་གསར་ཤོས་ལོངས་སུ་སྤྱོད་རྒྱུ་ཡིན་པ་རེད།
         མི་ཉག་རིག་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ལོ་གཉིས་རེར་ཐེངས་རེ་འཚོག་གི་ཡོད་པ་དེ་ནི་རྒྱལ་སྤྱིའི་མི་ཉག་རིག་པའི་རིག་གཞུང་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེ་ཤོས་ཤིག་ཡིན། མི་ཉག་རིག་པའི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རྩེར་སོན་ཚན་རིག་མཁས་དབང་ཁང་གི་ཨུ་ཡོན་ཧྲེ་ཅིན་པོས་ངོ་སྤྲོད་བྱས་པར། སྐབས་འདིའི་གླེང་སྟེགས་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་གི་དཔྱད་རྩོམ་150ལྷག་ཙམ་འབྱོར་ནས་སྐབས་རིམ་བྱུང་གླེང་སྟེགས་ཀྱི་མང་ཤོས་གྲས་ཤིག་ཡིན། དཔྱད་རྩོམ་དེ་དག་གི་ཞིབ་འཇུག་ཁྱབ་རྒྱ་ཆེ་བ་དང་། ནང་བསྟན་ཆོས་ལུགས་ཀྱི་ཚད་ལྡན་ཡིག་ཆ་དང་སྐད་དང་ཡི་གེ་ཕུད། ད་དུང་སྤྱི་ཚོགས་ཡིག་རིགས་དང་། ཆབ་སྲིད་ལམ་ལུགས། དཔལ་འབྱོར་རིག་གནས། ས་འོག་ནས་ཐོན་པའི་རིག་དངོས། བྲག་ཕུག་གི་སྐུ་འདྲ། རི་མོའི་སྒྱུ་རྩལ། མི་རིགས་ཀྱི་འབྲེལ་བ་སོགས་ལ་ཡང་དོ་སྣང་ཆེན་པོ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།