འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚྭ་སྡེ་དགུ་གེགས་ཁུལ་གྱི་ཡོམ་རྗེས་གསལ་ཆེ་བའི་བརྙན་པར་ཁག་དང་པོ་འཕྲལ་སྡོམ་
    གེགས་སེལ་ཐད་སྤྱད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཐིག་རིས་ས་ཁམས་ཆ་འཕྲིན་ཅུས་ཀྱིས་གཟི་ཚྭ་སྡེ་དགུ་གེགས་ཁུལ་གྱི་ཡོམ་རྗེས་གསལ་ཆེ་བའི་མཁའ་སྐྱོད་དང་སྲུང་སྐར་བརྙན་པར་ཁག་དང་པོ་ལེགས་གྲུབ་ལྡན་པའི་ངང་པར་ལེན་བྱས་པ་དང་འབྲེལ། འཕྲལ་མ་ཉིད་དུ་བརྙན་པར་ཕབ་ནས་འཕྲལ་སྡོམ་གེགས་སེལ་གྱི་བཀོད་འདོམས་ཐབས་ཇུས་དང་གེགས་བར་གནས་ཚུལ་ལ་དབྱེ་ཞིབ་དཔྱད་དཔོག་བྱེད་རྒྱུར་སྤྱད་ཡོད་པ་རེད། དེའི་ནང་མི་མེད་གནམ་གྲུའི་བརྙན་པར་གྱི་གསལ་ཆེ་ཤོས་སྨི་0.16ཟིན་ཡོད་པ་རེད།
         གསར་འགོད་པས་རྒྱལ་ཁབ་ཐིག་རིས་ས་ཁམས་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟི་ཚྭ་སྡེ་དགུར་ས་ཡོམ་བརྒྱབ་རྗེས་སི་ཁྲོན་ཐིག་རིས་ས་ཁམས་ཆ་འཕྲིན་ཅུས་ཀྱིས་ཉིན་མཚན་བསྟུད་མར་ཆེད་ལས་ཐིག་རིས་འབྲི་བའི་ལག་རྩལ་མི་སྣ་19སྒྲིག་འཛུགས་བྱས་ནས་མི་མེད་གནམ་གྲུ་5དང་། འཕྲིན་གཏོང་སྒྲིག་ཆས། ཚད་ལེན་སྒྲིག་ཆས་སོགས་ཁྱེར་ནས་གེགས་ཁུལ་དུ་བསྐྱོད་ཡོད་པ་དང་། ཚེས་9ཉིན་གྱི་ཆུ་ཚོད་19ཡི་ཐོག་ཐིག་རིས་འབྲི་མཁན་མི་མེད་གནམ་གྲུའི་ཡན་ལག་རུ་ཁག་གི་གནམ་གྲུ་2ཀྱིས་གེགས་ཁུལ་གྱི་གཙང་རྩ་གྲོང་རྡལ་ཉེ་འགྲམ་ནས་གསལ་ཆེ་བའི་མི་མེད་གནམ་གྲུའི་བརྙན་པར་པར་ལེན་ཐུབ་ཡོད་པ་རེད།
         གེགས་ཁུལ་གྱི་ཡོམ་རྗེས་གསལ་ཆེ་བའི་མཁའ་སྐྱོད་དང་སྲུང་སྐར་བརྙན་པར་གོ་རིམ་བསྒྲིགས་རྗེས་གེགས་ཁུལ་གྱི་ས་ཡོམ་གོང་གི་བརྙན་པར་དང་ཞིབ་བསྡུར་བྱས་པ་བརྒྱུད། གེགས་ཁུལ་གྱི་ཁང་པར་གཏོར་སྐྱོན་བྱུང་བ་དང་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་གེགས་བར་གནས་ཚུལ་ལ་བརྡར་གཅོད་དང་དབྱེ་ཞིབ་བྱེད་པའི་ལས་དོན་གནད་ལ་འཁེལ་བའི་ངང་སྤེལ་ཐུབ་པ་དང་། མིག་སྔར་བརྙན་ལམ་རི་མོ་ཁག་དང་པོ་དུས་ཚོད་དམ་འཛིན་གྱིས་རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་གེགས་སེལ་སྡེ་ཚན་ལ་བསྐྱལ་ནས་ཐབས་ཇུས་བཀོད་འདོམས་དང་ཉེན་སེལ་གེགས་སེལ་བྱེད་རྒྱུར་སྤྱད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།