འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚྭ་སྡེ་དགུའི་ས་ཡོམ་ཁྲོད་ས་ངོས་གས་ཚད་ཆེ་ཤོས་ཏུའུ་དགུ་དང་གེགས་ཁུལ་གྱི་བསྐྲུན་
    དངོས་ལ་གཏོར་སྐྱོན་ཕོག་ཚད་སྤྱིར་ན་ཆུང་ངུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ཅུས་ཀྱིས་ཚེས་12ཉིན་ཡོངས་བསྒྲགས་བྱས་དོན། གཟི་ཚྭ་སྡེ་དགུར་ས་ཡོམ་རིམ་པ་7.0བརྒྱབ་ནས་ས་ངོས་གས་ཚད་ཆེ་ཤོས་ཏུའུ་དགུ་ཟིན་ཞིང་། ཏུའུ་དྲུག་ཟིན་པའི་ཁུལ་དང་དེ་བཞིན་དེ་ཡན་གྱི་རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་ངོས་གྲུ་18295ཟིན་ནས་སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་རྫོང་8ལ་གནོད་འཚེ་ཕོག་ཡོད་པ་རེད།
         གསར་འགོད་པས་མཐོང་གསལ། གེགས་ཁུལ་གྱི་བསྐྲུན་དངོས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་ཀྱང་ཁྱོན་ཡོངས་ཀྱི་ཁང་པ་ཞིག་རོར་འགྱུར་ཚད་ཅུང་ཉུང་ཉུང་ཡིན་པ་རེད། ས་ཡོམ་ཐད་ཀྱི་རིགས་གཅིག་མཁས་ཅན་གྱིས་དེ་ནི་ཡོམ་ཁུལ་བསྐྲུན་དངོས་ཀྱི་གེགས་འགོག་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་བ་དང་། ཁང་པའི་བཟོ་དབྱིབས་གདམ་ག་ལུགས་མཐུན་བྱུང་བ། གྲོང་གསེབ་ཀྱི་ཡུལ་མིའི་གེགས་འགོག་སྒྲིག་ཆས་ལས་དོན་ཏན་ཏིག་སྒྲུབ་པ། ཡོམ་ཁུངས་གཏིང་ཚད་ལྟོས་བཅས་ཀྱིས་གཏིང་རིང་བ་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལས་གྲུབ་པའི་ངོས་འཛིན་བྱས་པ་རེད།
         ཀྲུང་གོ་ས་ཡོམ་ཅུས་ཀྱི་ས་གནས་ས་ཐོག་གི་ལས་དོན་རུ་ཁག་གི་གསར་འགྱུར་མགྲིན་ཚབ་པ་ལུའེ་ཅན་ཁྲེང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཐེངས་འདིའི་ས་ཡོམ་གྱི་ཏུའུ་དགུ་ཟིན་པའི་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚྭ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་ཡིན་ཞིང་། རྒྱ་ཁྱོན་སྟོང་སྨི་ངོས་གྲུ་139ཟིན་ཡོད་པ་རེད། ཏུའུ་བརྒྱད་ཟིན་པའི་ཁུལ་ནི་གཟི་ཚྭ་སྡེ་དགུ་རྫོང་གི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་778ལ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གཟི་ཚྭ་སྡེ་དགུར་ས་ཡོམ་རིམ་པ་7.0བརྒྱབ་རིང་བསྐྲུན་དངོས་ལ་གཏོར་སྐྱོན་ཕོག་ཚད་དེ་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་རིམ་པ་7.1དང་། སི་ཁྲོན་ལུའུ་ཧྲན་དུ་ས་ཡོམ་རིམ་7.0 ཡུན་ནན་ལུའུ་ཏན་དུ་ས་ཡོམ་རིམ་པ་6.5བཅས་བརྒྱབ་པ་དང་བསྡུར་ན་ཧ་ཅང་ཆུང་བ་ཡོད་པ་དེ་ཡོམ་ཁུངས་གཏིང་ཚད་ཤིན་ཏུ་རིང་པོ་ཡོད་པ་དང་འབྲེལ་བ་ཆེན་པོ་ཡོད། ལུའུ་ཧྲན་དུ་ས་ཡོམ་རིམ་པ་7.0རྒྱག་སྐབས་ཡོམ་ཁུངས་གཏིང་ཚད་སྟོང་སྨི་13དང་། ལུའུ་ཏན་དུ་ས་ཡོམ་རིམ་པ་6.5རྒྱག་སྐབས་སྟོང་སྨི་12 ཡུལ་ཤུལ་དུ་ས་ཡོམ་རིམ་པ་7.1རྒྱག་སྐབས་སྟོང་སྨི་14བཅས་ཡིན་པ་དང་། ད་ཐེངས་ས་ཡོམ་གྱི་གཏིང་ཚད་སྟོང་སྨི་20ཟིན་པར་བརྟེན་ས་ཡོམ་གྱི་རླབས་ཕྲེང་ས་ངོས་སུ་ སླེབས་ཡུན་རིང་བ་དང་ནུས་ཚད་ཆུང་དུ་ཕྱིན་པས། བསྐྲུན་དངོས་ལ་གཏོར་སྐྱོན་ཕོག་ཚད་ཀྱང་དེ་མཚུངས་སུ་ཆུང་དུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།