འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འབར་རུང་ཁྱགས་པ་སྔོག་འདོན་ཚོད་ལྟའི་ལས་དོན་ལ་འཕེལ་རྒྱས་རགས་ཙམ་བྱུང་བ། 

    རང་བྱུང་སོལ་རླངས་ཐོན་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་21ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་མཚོ་ཁོངས་རང་བྱུང་སོལ་རླངས་དང་ཆུ་འདྲེས་འགྱུར་དངོས་པོ་(འབར་རུང་ཁྱགས་པ)སྔོག་འདོན་ཚོད་ལྟའི་ལས་སྟེགས་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་10ཉིན་གྱི་ཆུ་ཚོད་བཅུ་བཞི་དང་སྐར་མ་ང་གཉིས་བར་ད་ཐེངས་ཀྱི་སྔོག་འདོན་ཚོད་ལྟ་བྱས་ནས་ཉིན་31བསྟུད་མར་སོལ་རླངས་ཐོན་ཏེ་སོལ་རླངས་ཐོན་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་21ཟིན་པ་དང་ཉིན་རེར་ཆ་སྙོམས་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་6800ཟིན་ཡོད། མིག་སྔར་སོལ་རླངས་འདོན་པའི་བརྒྱུད་རིམ་དང་ཁྲོན་པའི་གནས་ཚུལ་བདེ་བླག་ཡིན་པ་དང་ད་ཐེངས་ལས་ཚད་ལེན་ཚོད་ལྟའི་གྲངས་གཞི་ཁག་264ཐོབ་པ་དེ་ཐོག་ནས་རང་རྒྱལ་གྱི་འབར་རུང་ཁྱགས་པ་སྔོག་འདོན་ཚོད་ལྟའི་ལས་དོན་ལ་འཕེལ་རྒྱས་རགས་ཙམ་བྱུང་བ་མཚོན་ཐུབ། གོམ་སྟབས་རྗེས་མར་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་སྔོག་འདོན་ཚོད་ལྟའི་ཁྲོན་པ་གཉིས་པ་དེ་འདྲུ་རྒྱུ་ཡིན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།