འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་21ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
           མི་དམངས་དྲ་བའི་འཕྲིན། 2017ལོའི་ཨ་མེ་རི་ཁའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྐར་ཆེན་འགྲན་བསྡུར་ཆེན་མོ་སྤྱི་ཟླ་2ཚེས་18ནས་20བར་ཏེ་ཉིན་གསུམ་གྱི་ཡུན་ལ་ཨ་རིའི་གྲོང་ཁྱེར་ནེའུ་ཨོར་ལན་སི་(New Orleans)རུ་གཟབ་རྒྱས་ངང་འཚོགས།
            ཉིན་དང་པོ་སྟེ་སྤྱི་ཚེས་18ཉིན་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཁྲོད་ཀྱི་གསར་བྱུང་ལྒང་རྩེད་པ་འབུར་ཐོན་དག་གིས་འགྲན་བསྡུར་བྱས་ཤིང་ཚོགས་པ་དེ་གཉིས་ནི་ཨ་མེ་རི་ཁ་རང་ནས་ཡིན་པའི་ཨ་རིའི་ཚོགས་པ་(USA)དང་རྒྱལ་ཁབ་གཞན་ནས་ཡིན་པའི་འཛམ་གླིང་ཚོགས་པ་(World)གཉིས་ཀྱིས་གྲུབ་པ་ཞིག་ཡིན་ཞིང་། འགྲན་ཐེངས་དེའི་མཇུག་མཐའི་སྐར་གྲངས་141དང་150བྱས་ཏེ་མཐའ་མཇུག་གི་རྒྱལ་ཁ་འཛམ་གླིང་ཚོགས་པར་ཐོབ་པ་དང་། འཛམ་གླིང་ཚོགས་པའི་ལྒང་རྩེད་པ་ལྗེ་མོལ་མུར་རེས་(Jamal Murray)ལ་ཆེས་རིན་ཐང་ལྡན་པའི་ལུས་རྩལ་པ་ཞེས་པའི་བྱ་དགའ་ཐོབ།
            ཉིན་གཉིས་པ་སྟེ་སྤྱི་ཚེས་19ཉིན་ལག་རྩལ་(Skills challenge)དང་ཐུར་འཇུག་(Slam dunk)སྐར་གསུམ་(3-Point contest)བཅས་ཀྱི་འགྲན་སྡུར་བྱས་ཤིང་། ལག་རྩལ་གྱི་བྱ་དགའ་ནེའུ་ཡོག་ནིས་ཁི་སི་རུ་ཁག་(New York Knicks)གི་རུ་མི་ཕོར་ཟན་རྒུ་སི་(Porzingis)ལ་ཐོབ་ཅིང་། ཐུར་འཇུག་གི་བྱ་དགའ་ཨིན་ཌེས་ཡ་ན་གོམ་སྟབས་རུ་ཁག་(Indiana Pacers)གི་རུ་མི་རོ་བྷེན་སིན་(Robinson)ལ་ཐོབ། སྐར་གསུམ་གྱི་བྱ་དགའ་ཧོ་སི་ཊོན་འཕུར་མདའ་རུ་ཁག་(Houston Rockets)གི་རུ་མི་རྒོལ་སྒྲེན་(Gordon)བཅས་ལ་ཐོབ་པ་རེད།
             ཉིན་གསུམ་པ་སྟེ་སྤྱི་ཚེས་20ཉིན་ཨ་རིའི་ཤར་ནུབ་གཉིས་ཀྱི་མིང་དུ་གྲགས་པའི་ཕུལ་བྱུང་ལྒང་རྩེད་པ་དག་གིས་འགྲན་བསྡུར་བྱས་ཤིང་། ཤར་ནུབ་རུ་ཁག་གཉིས་ལས་མཐའ་མཇུག་གི་རྒྱལ་ཁ་182དང་192བྱས་ཏེ་ནུབ་ཕྱོགས་རུ་ཁག་གིས་བླངས་པ་དང་རུ་མི་ཨེན་ཐུ་ནེས་སྒྲེ་བེས་སི་(Anthony Davis )ལ་ཆེས་ཕུལ་ཏུ་བྱུང་བའི་ལུས་རྩལ་པ་ཞེས་པའི་བྱ་དགའ་ཐོབ། ཡོང་ཁོངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། གཤོག་པ།
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
    ༄༅།།2017ལོའི་NBAསྐར་ཆེན་འགྲན་སྡུར།
      

    ཕྱོགས་བསྡུས་གསར་འགྱུར།