འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་རྩོམ་དགོས།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             དཔྱིད་ཉམས་རིམ་བཞིན་མངོན། རྣམ་པ་གསར་པར་འགྱུར། སྔ་འཛིན་ཕྱི་གཏོད་ཀྱི་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལྷག་ཙམ་གྱི་མངགས་བཅོལ་གལ་ཆེན་ཁུར་ནས། དེ་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་མཉམ་དུ་འཛོམས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ཐུན་མོང་ཐོག་འགོད་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཆར་གཞི་མཉམ་དུ་འགོད་རྒྱུ་རེད། དེ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
              ད་རེས་ཀྱི་ཚོགས་འདུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་དུས་བབ་གསར་པའི་འོག་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད།
             དུས་ཀྱི་མདའ་མོར་ཕྱིར་ལྟ་བྱེད། འབད་བརྩོན་ཆེན་པོས་དོན་གཉེར་བྱེད། འདས་མ་ཐག་པའི་2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་རེད། ལོ་དེར་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ཁོང་དུ་ཡང་དག་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལ་དམ་པོར་དམིགས་པ། ལས་དོན་ཁག་གི་བྱེད་ཐབས་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དུས་མཚམས་གསར་པར་སླེབས་པ་དང་། ཁྱད་ལྡན་ཐོན་ལས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་བ། དམངས་འཚོ་ལེགས་སུ་གཏོང་བ་དང་གཞི་རྩའི་སྤྱིའི་པའི་ཞབས་ཞུའི་རིམ་པ་སྔར་བས་མཐོ་རུ་སོང་བ། སྒྱུར་བཅོས་སྒོ་འབྱེད་དང་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ། ཚན་རྩལ་གསར་གཏོད་དང་ཤེས་ལྡན་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་ལ་རྣམ་པ་གསར་པ་མངོན་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་ནས་ང་ཚོར་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
             ལོ་དེའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་འགན་འཁྲི་ལག་ལེན་བསྟར་བའི་གཙོ་རྐང་། ཁྲིམས་ལྟར་འགན་དབང་ལག་ལེན་བསྟར་བ་དང་ལས་དོན་ཧུར་ཐག་སྤེལ་བའི་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་ལག་ལེན། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུས་ལྟེ་བ་བཅས་བྱས་ནས་ཁྲིམས་སྲོལ་བཟོ་བའི་བཀོལ་སྤྱོད་རང་བཞིན་དང་ལག་ལེན་རང་བཞིན་་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ་་དང་། བརྟན་ལྷིང་དང་འཕེལ་རྒྱས་ཁོར་ཡུག་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་ཀྱི་རང་བཞིན་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཞེད་དོན་མངོན་འགྱུར་བྱ་རྒྱུ་གཞི་རྩར་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ལག་བསྟར་གྱི་ཁ་ཕྱོགས་ཀྱི་རང་བཞིན་དང་ཚད་ལྡན་གྱི་རང་བཞིན་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་འཐུས་མིའི་བྱེད་སྒོའི་ཕུན་སུམ་ཚོགས་པའི་རང་བཞིན་དང་རྒྱུན་གཏན་གྱི་རང་བཞིན་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་རྒྱུ་གཙོ་གནད་དུ་བྱས་ཏེ་བོད་དང་འབྲེལ་བའི་ཕྱི་འབྲེལ་ལས་དོན་གྱི་རང་འགུལ་་རང་བཞིན་དང་རྒྱ་ཁྱབ་ཀྱི་རང་བཞིན་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་རང་ངོས་འཛུགས་སྐྱོང་གི་སྒམ་བརླིང་གི་རང་བཞིན་དང་ཕུགས་ཕན་གྱི་རང་བཞིན་ཆེ་རུ་བཏང་བར་ཤུགས་བརྒྱབ་པས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་ལས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཡོད།
              ལོ་ངོ་ཁྲི་གཅིག་དུས་ཡུན་ཧ་ཅང་རིང་། དེ་ལས་དུས་ཚོད་སྐར་ཆ་ཙམ་ལ་བརྩོན་ལེན་བྱེད། འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་འགག་རྩའི་ལོ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་བཅས་ཡིན་པས། འདི་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་དམིགས་བསལ་དང་ཧ་ཅང་ཆེན་པོ་ལྡན་ཡོད།
             འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ། ཡུལ་ལྗོངས་རི་མོ་ཇི་བཞིན་མཛེས། འགོ་འཛུགས་ས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་ལས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོར་དེ་བས་ཡངས་པའི་བྱས་རྗེས་འཇོག་པའི་བར་མཐོངས་མཁོ་འདོན་བྱས་ཡོད་ལ། འགན་འཁྲི་དེ་བས་ཆེ་བའང་དཀྲིས་པ་དང་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ལོ་གསར་པར་མི་དམངས་འཐུས་ཚོགས་ལས་དོན་གྱིས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ཁག་ལག་ལེན་བསྟར་བ། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ། ལས་དོན་གལ་ཆེན་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ། འཐུས་མིའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
               ལས་འགན་ལྕི་ལ་ལམ་ཐག་རིང་བས་འབད་འཐབ་བྱེད། ལྷགས་པ་ཆེ་ལ་རྦ་རླབས་འཕྱུར་བས་གྲུ་གཡོར་འགེལ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་འགན་འཁྲི་ལག་ལེན་བསྟར་བ་དང་རང་འཁྲིའི་ལས་འགན་ལ་ངོ་གནོང་མི་དགོས་པ་དང་། ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱིས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་དང་གྲོས་རིམ་ཁག་ལ་དམིགས་ཏེ་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་བཏོན་ནས་ད་ཐེངས་ཀྱི་ཚོགས་འདུ་འདི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་ཚོགས་ཐུབ་པ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་བརྗིད་ཆེའི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
               ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།