འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྒྲོལ་འགག་སྒྲོལ་གྱིས་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་པའི་ཉམས་བཟང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབུལ་སྒྲོལ་འགག་སྒྲོལ་གྱིས་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་པའི་ཉམས་བཟང་།
         མི་དམངས་དྲ་བའི་འཕྲིན། 2015ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་རྫ་དམར་ཤང་ཕུག་རོན་བྲག་ཁུང་གྲོང་ཚོར་སྒོར་ཁྲི་100ཡི་གནད་སྨིན་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་རག་པ་དང་། གྲོང་ཚོ་ཡོངས་ཀྱི་གྲོང་མི་མང་ཚོགས་ཚོས་གྲོས་བསྡུར་བྱས་པ་བརྒྱུད། མ་དངུལ་དེ་དག་གསོ་ཚགས་ཁུལ་ཆུང་བསྐྲུན་རྒྱུ་དང་འབྲོག་ལས་གསོ་ཚགས་མཉམ་ལས་ཁང་འཛུགས་རྒྱུར་བཏང་བ་རེད། གྲོང་མི་ཚོའི་འོས་སྦྱོར་དང་ཁག་ཐེག་འོག་ཀྲའོ་ཞུའེ་ཝུན་དང་གྲོང་མི་གཞན་ཞིག་ལ་མཉམ་ལས་ཁང་གི་འགན་གཙང་གཉེར་སྐྱོང་དབང་ཆ་རག་པས། གྲོང་ཚོ་དེ་ཡོངས་ཀྱི་དཀའ་ངལ་ཡོད་པའི་དུད་ཚང་22དབུལ་སྒྲོལ་ལམ་བུར་འཁྲིད་རོགས་བྱས་པ་རེད།
        2015ལོའི་ཟླ་11ཚེས་27ཉིན། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ནས་2020ལོར་རྒྱལ་ཡོངས་ཀྱི་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཡོངས་རྫོགས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཐོག་བསྐྱོད་ཐུབ་རྒྱུའི་ཁས་ལེན་བྱས་ཡོད། འདི་ལོའི་ཟླ་བཅུ་གཅིག་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་འཆར་འགོད་》ལ་གྲོས་འཆམ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་བསམ་ཕྱོགས་དང་། གཞི་རྩའི་དམིགས་ཚད། ལས་འགན་གཙོ་བོ། འགན་ལེན་བྱེད་ཐབས་བཅས་ཁ་གསལ་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་དུས་ཚོད་རེའུ་མིག་བཟོས་པ་དང་འཆར་གཞི་བཏིང་བ་མ་ཟད། ལོ་དེའི་ནང་ཀྲུང་གོའི་ས་ཕྱོགས་གང་སར་དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་གྲགས་ཡོད་།
      

    ཕྱོགས་བསྡུས་གསར་འགྱུར།