འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་སྐབས་དང་པོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱིས་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་སྐབས་དང་པོ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་སྐབས་དང་པོ་ཚེས་20ཉིན་ལྷ་སར་གཉེར་བ་དང་། མི་སྤྱོད་ཚན་པ་130ལྷག་ཙམ་ཞུགས་ནས་ལས་གནས་1000ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད།
         གསར་འགོད་པས་ལས་མི་བསྡུ་བའི་ཚོགས་འདུ་འཚོག་ཡུལ་དུ། བོད་ཀྱི་ས་ཁུལ་ཁག་དང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན། དེ་བཞིན་སློབ་ཆེན་སློབ་མའི་དང་བླངས་པ་ཚོས་དབང་པོ་སྐྱོན་ཅན་ལ་སྲིད་ཇུས་དང་ཁྲིམས་སྲོལ་སྐོར་གྱི་བློ་འདྲི་དང་། ལས་རིགས་ངོ་སྤྲོད། ལས་རིགས་འོས་སྦྱོར། ལས་ཤོར་དང་ལས་ཞུགས་ཐོ་འགོད་སོགས་ཀྱི་དང་བླངས་ཞབས་འདེགས་ཞུ་བ་མཐོང་བྱུང་།
         ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་བྱམས་པ་འཕྲིན་ལས་ཀྱིས། 《ལས་ཞུགས་འོས་སྦྱོར་རེའུ་མིག་》མང་པོ་ཞིག་ཁྱེར་ནས་སློབ་མ་ཚོར་སྤྲད་ཅིང་། ཁོང་གིས“ང་ཚོས་སློབ་མ་ཚོར་《ལས་ཞུགས་འོས་སྦྱོར་རེའུ་མིག་》བཟོས་ཟིན། ལས་ཀ་འཚོལ་བར་ཡོང་མཁན་སློབ་མ་མི་རེ་ངོ་རེ་ཚང་མར་《ལས་ཞུགས་འོས་སྦྱོར་རེའུ་མིག་》གསུམ་རེ་སྤྲད་ཡོད། འདི་ལྟར་བྱས་ཚེ་ལས་ཞུགས་ཐུབ་ཚད་མང་དུ་འགྲོ་ཐུབ་ཅེས་བཤད།
         བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་ཞིག་གིས། དབང་པོ་སྐྱོན་ཅན་དང་ཧ་ཅང་འཚམ་པའི་ལས་ཀ་གཙོ་བོ་ནི་ཞབས་ཞུའི་ལས་རིགས་ཡིན་པ་དང་། དེ་རྗེས་མི་རིགས་ལག་ཤེས་བཟོ་ལས་དང་བདེ་སྲུང་ལས་ཀ་རེད། བོད་ཟས་གཡོས་སྦྱོར་ལས་རིགས་ལ་ཡང་དགའ་བསུ་ཅུང་ཆེན་པོ་ཐོབ་གི་འདུག་ཅེས་ངོ་སྤྲོད་བྱས་བྱུང་།
         ལས་ཀ་འཚོལ་མཁན་བསྟན་འཛིན་རྣམ་རྒྱལ་གྱིས། གཅིག་སྡུད་ལས་བསྡུ་ལས་དབང་པོ་སྐྱོན་ཅན་ཚོའི་མི་རྒྱུ་དངུལ་གསུམ་གྲོན་ཆུང་ཐུབ་པ་མ་ཟད། ང་ཚོའི་གདམ་ག་ཡང་སྔར་བས་མང་དུ་སོང་ཞེས་དང་། ངས་གསོ་སྦྱོང་འཛིན་གྲྭར་རྩིས་འཁོར་ལ་བོད་ཡིག་སྒྲུག་སྟངས་སྦྱངས་རྗེས། འདི་གར་རྩིས་པའམ་བོད་ཡིག་རྩིས་འཁོར་གྱི་ཡི་གེ་སྒྲུག་མཁན་ནམ་སྨན་ཁང་གི་ཨང་ཐོ་འགོད་མཁན་སོགས་ཀྱི་ལས་ཀ་འཚོལ་དུ་ཡོང་བ་ཡིན་ཞེས་གསར་འགོད་པར་བཤད་བྱུང་། མིག་སྔར་བོད་དུ་དབང་པོ་སྐྱོན་ཅན་ཁྲི་19.4ཡོད་པ་ལས་ལས་ཞུགས་ལོ་ཚད་དུ་སླེབས་པ་མི་ཁྲི་5.1ལྷག་ཙམ་ཡོད། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་དབང་ཆ་སྲུང་སྐྱོང་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་2012ལོའི་ཟླ་དང་པོ་ནས་བཟུང་། མི་སྤྱོད་ཚན་པས་ལས་མིའི་བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱེད་རྒྱུའི་ལས་ཞུགས་ལམ་ལུགས་ལག་བསྟར་བྱས་པ་མ་ཟད། ད་དུང་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ་རེད།
         སྲིད་ཇུས་དང་ཁྲིམས་སྲོལ་བཏོན་པ་ཕུད། བོད་ཀྱིས་ད་དུང་དབང་པོ་སྐྱོན་ཅན་ལ་དམིགས་པའི་ལས་རིགས་གསོ་སྦྱོང་བྱེད་ཤུགས་ཀྱང་ལོ་ལྟར་ཆེ་རུ་གཏོང་གི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས། འོས་ཐོབ་ལྡན་པའི་གསོ་སྦྱོང་སྒྲིག་གཞི་དང་མཉམ་ལས་བྱས་ནས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་བ་དང་། ད་དུང་རྒྱལ་ཁབ་རིམ་པའི་དབང་པོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་རྟེན་གཞི་སོགས་བཙུགས་ནས་གསོ་སྦྱོང་གི་ཆེད་ལས་ཅན་དང་སྤུས་ཚད་མཐོ་རུ་བཏང་བ་རེད། གསོ་སྦྱོང་ལ་ཞུགས་མཁན་དབང་པོ་སྐྱོན་ཅན་ཚོར་སློབ་ཡོན་དང་བཟའ་སྡོད་གྲོན་དངུལ་གཅིག་ཀྱང་སྤྲོད་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།