འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུཌ་སྐོར་གླེང་བ་》ཞེས་པའི་ཕེ་རུའི་པར་མའི་པར་ཕུད་
    འགྲེམས་སྤེལ་མཛད་སྒོ་ཕེ་རུའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན། ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཕེ་རུའི་པར་མའི་དཔར་ཕུད་འགྲེམས་སྤེལ་མཛད་སྒོ་ཕེ་རུའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་འཚོགས་པ་རེད།
         《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཕེ་རུའི་པར་མ་དེ་ཀྲུང་གོ་ཕྱིའི་སྐད་ཡིག་དཔེ་སྐྲུན་ཁང་དང་ཕེ་རུ་དཔེ་སྐྲུན་ཁང་གིས་མཉམ་དུ་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པ་དང་། དེ་ནི་ས་གནས་དེ་གའི་ཁྱད་ཆོས་ལ་གཞིགས་ཏེ་མེ་གླིང་ལྷོ་མར་བཏོན་པའི་མཉམ་ལས་ཡིག་སྒྱུར་བྱས་པའི་པར་མ་ཐོག་མ་དེ་རེད།
         《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པ་ཕྱི་རྒྱལ་དུ་སྐད་རིགས་མང་པོའི་ཐོག་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཚུན། རྒྱལ་སྤྱིའི་དཔེ་དེབ་ཁྲོམ་ར་དང་རྒྱལ་སྤྱིའི་གཙོ་རྒྱུན་སྨྱན་སྦྱོར་གྱི་དོ་ཁུར་མུ་མཐུད་ཐོབ་ཅིང་། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་འགྲེམས་སྤེལ་བྱས་པ་དང་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་ཚད་དེབ་ཁྲི་620ལས་བརྒལ་ཡོད།
         ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་ཧོང་ཁུན་མིང་མཛད་སྒོར་ཞུགས་པ་མ་ཟད། ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་སྐབས་སུ་《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཕེ་རུའི་པར་མ་བདེ་བླག་ངང་དཔེ་སྐྲུན་བྱས་པ་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་རྩོམ་དེ་ནི་དེང་རབས་ཀྲུང་གོ་རྟོགས་པ་དང་ཁོང་དུ་ཆུད་རྒྱུའི་ལྡེ་མིག་ལྟ་བུ་ཞིག་ཡིན་པ་དང་། དེབ་དེ་པར་སྐྲུན་འགྲེམས་སྤེལ་བྱས་པ་བརྒྱུད་ཕེ་རུ་དང་ལ་ཏིང་མེ་གླིང་གི་ཀློག་པ་པོ་དེ་བས་མང་བས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཤེས་རྟོགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཀྲུང་གོ་ཕྱིའི་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་ཀྲོའུ་མིང་ཝུའེ་ཡིས་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཕེ་རུའི་གཞུང་ཚབ་ཆེ་མོ་བ་དང་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཀུང་ས་ལོ·ཀུའུ་ཐེ་ལེ་སི་དང་ཕེ་རུ་དཔེ་སྐྲུན་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ལོ་སི·པེ་སའེ་ལ·ཀུའུ་ཐེ་ལེ་སི་སོགས་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོའི་སྲིད་ཕྱོགས་དང་། རིག་གནས་ལས་རིགས། གསར་འགྱུར་དཔེ་སྐྲུན་ལས་རིགས་བཅས་ཀྱི་ཁྱོན་མི་60ལྷག་ཙམ་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།