འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཤིའུ་སི་ཏུན་གྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི་1ཤི་བ་དང་མི་9རྨས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་ཤིའུ་སི་ཏུན་གྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི་1ཤི་བ་དང་མི་9རྨས་པ།
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ཤིའུ་སི་ཏུན་གྲོང་ཁྱེར་ལྷོ་ནུབ་ཀྱི་ཟོག་ཉོ་ལྟེ་གནས་སུ་བྱུང་བའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི་9ལ་རྨས་སྐྱོན་བཟོས་ཡོད་པ་དང་། མེ་མདའ་རྒྱག་མཁན་དེ་གནས་དེ་གར་ཉེན་རྟོག་པས་མེ་མདས་བསད་པ་རེད། 
         ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ནི་ས་གནས་དེ་གའི་དུས་ཚོད་ཞོགས་པའི་ཆུ་ཚོད་6དང་སྐར་མ་30ཡས་མས་སུ་བྱུང་ཞིང་། མེ་མདའ་རྒྱག་མཁན་ནི་ཁྲིམས་རྩོད་པ་ཞིག་ཡིན་ལ་ཉེན་རྟོག་པས་མེ་མདས་བསད་ཡོད་པ་རེད། མེ་མདའ་བརྒྱབ་པའི་དོན་རྐྱེན་དེས་མི་9ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ཚོའི་ཁྲོད་ཀྱི་མི་3ནི་རྨས་སྐྱོན་ཚབས་ཆུང་བས་ཁྱིམ་དུ་ལོག་ཡོད་ལ། རྨས་སྐྱོན་ཕོག་མཁན་གཞན་མི་6ཡུལ་དེའི་སྨན་ཁང་དུ་བསྐྱལ་ཡོད་པ་དང་མི་1གི་རྨས་སྐྱོན་ཅུང་ཚབས་ཆེ་བ་རེད། མིག་སྔར་ཉེན་རྟོག་པས་དོན་རྐྱེན་འདིར་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་པས་མི་རྣམས་ལ་གནས་སྐབས་སུ་ཟོག་ཉོ་ལྟེ་གནས་སུ་མི་འགྲོ་བའི་རེ་བ་བཏོན་ཡོད་པ་རེད། 
    【1】  【2】  【3】  【4】
    ༄༅།།ཨ་རིའི་ཤིའུ་སི་ཏུན་གྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི་1ཤི་བ་དང་མི་9རྨས་པ།
      

    ཕྱོགས་བསྡུས་གསར་འགྱུར།