འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེ་དང་ཨན་ཧུའེ་ཡིས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་
    སློབ་མ་བསྡུས་པ། 

    ལས་གནས་465བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་གྱི་སྔ་དྲོ་ཧུའུ་པེ་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བསྡུ་བའི་ཆེད་དོན་འདུ་ཚོགས་ལྷ་སར་གཉེར་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་སློབ་རྒྱུས་དང་ཆེད་ལས་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ལས་གནས་465བཀོད་སྒྲིག་བྱས་ཡོད་པ་རེད། 
         ད་ལོར་ལས་ཞུགས་བོད་སྐྱོར་ལས་ཀ་སྤེལ་བ་ནས་བཟུང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཐོང་ཆེན་པོ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་བོད་སྐྱོར་གྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་ཆབ་སྲིད་དང་སྤྱི་ཡོངས་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ལས་ཞུགས་བོད་སྐྱོར་གྱི་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་བཏང་ཡོད། ཟླ་9པའི་ཟླ་མཇུག་བར་ཀྲུང་དབྱང་གི་ཁེ་ལས་3དང་། ཞིང་ཆེན་དང་གྲོང་ཁྱེར་8ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་སློབ་རྒྱུས་དང་ཆེད་ལས་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལས་གནས་4918བཀོད་སྒྲིག་བྱས་པའི་ནང་བྱ་གཞག་ཚན་པའི་ལས་གནས་188ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།