འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཛོད་དགེའི་འདམ་རའི་སྤྱི་གླིང་དེ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་བསྒྱུར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཛོད་དགེའི་འདམ་རའི་སྤྱི་གླིང་དེ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་བསྒྱུར་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྔ་བ་ཁུལ་ནགས་ལས་ཅུས་ལས་ཤེས་གསལ། མཛོད་དགེའི་འདམ་རའི་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ནས། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་ཚོད་ལྟ་བྱ་ཡུལ་ནས་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དངོས་ལ་བསྒྱུར་བ་དང་། འདི་ནི་རྔ་བ་ཁུལ་གྱིས་བཙུགས་པའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་ཐོག་མ་ཡིན་པ་རེད། 
         མཛོད་དགེའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་སྐ་ཆུ་དང་རྨ་ཆུའི་ཆུ་ལམ་གཙོ་བོ་ལས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་2662.7ཡོད་པ་དང་འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེས་ཆེ་བ་དང་ཉར་ཚགས་ཆེས་ཆ་ཚང་བའི་མཐོ་སྒང་གི་འདམ་ར་ཞིག་ཡིན་པ་རེད། 2011ལོའི་ཟླ་12པར། མཛོད་དགེའི་འདམ་རའི་སྤྱི་གླིང་དུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཚོད་ལྟ་བྱ་ཡུལ་བཙུགས་ཆོག་པའི་བཀའ་ལན་ཐོབ་པ་རེད། 
         ཚོད་ལྟ་བྱ་ཡུལ་འཛུགས་སྐྲུན་བྱེད་སྐབས། མཛོད་དགེ་ཡིས་སྐྱེ་ཁམས་བསྐྱར་གསོ་གཙིགས་འཛིན་དང་འདམ་ར་གསོ་སྐྱོང་གཙོ་གནད་དུ་བཟུང་སྟེ། མ་དངུལ་སྒོར་ཁྲི་7000བཏང་ནས་རྨ་ཆུ་དང་སྐ་ཆུའི་ཆུ་ལམ་གཙོ་བོ། བ་ཡན་ནོར་མཚོའི་ཉེ་འཁོར་ས་ཁུལ་དུ་གླང་མའི་སྡོང་བོ་ཁྲི་666.58བཙུགས་པ་དང་། རྒྱ་ཁྱོན་ལ་སྤྱི་ཆིང་99.69ཡོད་པའི་རགས་སྲུང་ཤིང་ནགས། ཁྲུང་ཁྲུང་སྐེ་ནག་གཙོ་བྱས་པའི་ཆུ་བྱའི་འཚོ་སྡོད་ཁུལ་རྒྱ་ཁྱོན་ལ་སྤྱི་ཆིང་18.2ཙམ་ཡོད་པ་བཅས་བསྐྲུན་ཡོད་པ་རེད། ས་དེ་གའི་རྩི་ཤིང་འདེབས་འཛུགས་བྱས་པ་བརྒྱུད། འདམ་རའི་སྔོ་ཁེབས་བསྐྱར་གསོ་དང་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་17.06ཇེ་ཆེར་བཏང་བ་རེད།
         མཛོད་དགེའི་འདམ་རའི་སྤྱི་གླིང་བཙུགས་པ་དེས་སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་ཕན་ནུས་ལེགས་པོ་ཞིག་བསྐྲུན་ཡོད་པ་སྟེ། ལྟ་ཞིབ་ཚད་ལེན་ལས་ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ཟླ་12ནས་བཟུང་། ལོ་རེར་ཉུང་མཐའ་ཡང་ཁྲུང་ཁྲུང་ཆ་9གནས་འདི་རུ་སྐྱེ་འཕེལ་བྱེད་བཞིན་ཡོད་ལ། དཔྱད་གཞིའི་རྒྱུ་ཆ་ལས་གསལ་བ་ལྟར་ན། 2012ལོའི་སྔོན་དུ་ལོ་རེར་ཁྲུང་ཁྲུང་ཆ་5ནས་6ཙམ་ལས་སྐྱེ་འཕེལ་བྱེད་ཐུབ་ཀྱི་མེད་པ་རེད། མཛོད་དགེའི་འདམ་རའི་སྤྱི་གླིང་གི་ཡུལ་སྐོར་བའི་མི་གྲངས་2011ལོའི་ཚོད་ལྟའི་གོང་གི་མི་ཐེངས་ཁྲི་11ལྷག་ནས་2014ལོའི་མི་ཐེངས་ཁྲི་170ལྷག་ཙམ་དུ་འཕར་ཡོད་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་369ནས་སྒོར་ཁྲི་2854ལ་འཕར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།