འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སུའུ་ཏན་གྱི་ཞིང་ལས་མཉམ་ལས་གསར་སྤེལ་ཁུལ་གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སུའུ་ཏན་གྱི་ལ་ཧ་ཏེ་ཆུ་འདྲེན་ཁུལ་དུ་ཀྲུང་གོ་དང་སུའུ་ཏན་གྱི་ཞིང་ལས་མཉམ་ལས་གསར་སྤེལ་ཁུལ་གྱི་སྒོ་བྱང་གི་ཡོལ་བ་དངོས་སུ་ཕྱེ་ཡོད།
         ཀྲུང་གོ་དང་སུའུ་ཏན་རྒྱལ་ཁབ་གཉིས་པོའི་ཞིང་ལས་པུའུ་ཀྲང་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་200ལྷག་ཙམ་ཀྲུང་གོ་དང་སུའུ་ཏན་གྱི་ཞིང་ལས་མཉམ་ལས་གསར་སྤེལ་ཁུལ་གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་ཡོད། སྒོ་བྱང་གི་ཡོལ་བ་དངོས་སུ་ཕྱེ་བ་དེ་ཐོག་ནས་ཀྲུང་གོ་དང་སུའུ་ཏན་གྱི་ཞིང་ལས་མཉམ་ལས་གསར་སྤེལ་ཁུལ་སྐྲུན་པའི་ཐད་ངོ་བོའི་རང་བཞིན་གྱི་གོམ་པ་ཞིག་སྤོས་པ་མཚོན་ཡོད་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་ཞིང་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་སྐས་རིམ་གསར་པའི་ཐོག་སླེབས་པའང་མཚོན་པ་རེད།
         2015ལོའི་ཟླ་12པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཚོགས་རིང་ཧྲན་ཏུང་མྱུར་བགྲོད་རྒྱལ་སྤྱི་ཀུང་སིས་རྐང་དབང་འཛིན་པའི་སུའུ་ཏན་དུས་རབས་གསར་པའི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་སུའུ་ཏན་ཞིང་ལས་དང་ནགས་ལས་པུའུ་དང་སུའུ་ཏན་ལ་ཧ་ཏེ་ཆུ་འདྲེན་ཁུལ་དང་ཐུན་མོང་ཐོག་ཀྲུང་གོ་དང་སུའུ་ཏན་གྱི་ཞིང་ལས་མཉམ་ལས་གསར་སྤེལ་ཁུལ་བསྐྲུན་རྒྱུའི་གྲོས་མཐུན་བཞག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།