འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ལ་ཐེ་ཝེ་ཡར་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་ནས་ཚེས་22ཉིན་བར་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ལ་ཐེ་ཝེ་ཡ་རྒྱལ་ཁབ་ལ་འཚམས་འདྲི་གནང་བས། སྤྱི་ཚོགས་ལས་རིགས་ཁག་ནས་དོ་སྣང་ཆེན་པོ་གནང་བ་རེད།
         ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཟུར་པ་སི་ཐེ་ལའོ་ཡིའུ་མ་སོགས་གཙོ་རྒྱུགས་སྤྱི་ཚོགས་ཀྱི་མི་སྣ་ཚོས་པོ་མན་ཆང་ཁང་དུ་འཐུས་མི་ཚོགས་པ་དང་མཉམ་དུ་དངོས་གཞི་མ་ཡིན་པའི་སྤེལ་རེས་གནང་། ལ་ཐེ་ཝེ་ཡ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁར་ཉིང་སི་དང་། ལ་ཐེ་ཝེ་ཡ་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཆུང་གི་ཀྲུའུ་ཞི་པའོ་ཐ་ཕུའུ་ཅིང་སི། ལ་ཐེ་ཝེ་ཡ་སློབ་ཆེན་གྱི་སློབ་གཙོ་མུའུ་དབྱི་ཧྲི་ནེ་ཁི་སི་སོགས་ཀྱིས་སྤེལ་རེས་ཆོགས་པར་མཇལ་འཕྲད་གནང་བ་མ་ཟད། མཉམ་དུ"དེ་རིང་གི་བོད་ལྗོངས"ཞེས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད།
         ཁར་ཉིང་སི་ཡིས་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱིས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། ཉེ་བའི་ལོ་ཤས་ནང་ལ་ཐེ་ཝེ་ཡ་དང་ཀྲུང་གོ་བར་གྱི་ཚོང་ལས་འབྲེལ་བའི་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད་ལ། རིག་གནས་སྤེལ་རེས་ཀྱང་སྔར་བས་འཁྲུག་པོར་སོང་ཡོད་པ་རེད། ད་ཐེངས་ཀྱི་སྤེལ་རེས་ཚོགས་པ་ལ་ཐེ་ཝེ་ཡར་ཕེབས་པ་ནི་དུས་ལ་ཁེལ་འདུག་ཅེས་བརྗོད། པའོ་ཐ་ཕུའུ་ཅིང་སི་ཡིས་སྤེལ་རེས་ཚོགས་པ་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བར་ཡོང་བ་དེས་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལས་རིགས་ཁག་ལ་ཐད་ཀར་ཀྲུང་གོའི་བོད་ལྗོངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་ཡོད་པས། གོ་སྐབས་བཟང་པོ་ཞིག་རེད་ཅེས་བརྗོད།
         ལ་ཐེ་ཝེ་ཡ་གྲོས་ཚོགས་ཀྱི་དབྱི་ཡོན་བཅུ་ལྷག་དང་རིགས་གཅིག་མཁས་ཅན། སྨྱན་སྦྱོར་མི་སྣ། ལ་ཐེ་ཝེ་ཡ་སློབ་ཆེན་གྱི་དགེ་སློབ་སོགས་མི་སྣ་40ལྷག་ཙམ"དེ་རིང་གི་བོད་ལྗོངས"ཞེས་པའི་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད། སྤེལ་རེས་ཚོགས་པས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ། བོད་ཀྱི་སྐད་དང་ཡི་གེའི་བཀོལ་སྤྱོད། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་སོགས་ཀྱི་སྐོར་གཙོ་གནད་ངོ་སྤྲོད་གནང་སྟེ་ཏཱ་ལའི་རུ་ཚོགས་ཀྱིས་བསྒྲགས་པའི་རྫུན་གཏམ་ཁག་ཐེར་འདོན་བྱས་པ་རེད།
         གཞན་ད་དུང་སྤེལ་རེས་ཚོགས་པས་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱི་གཙོ་རྒྱུགས་སྨྱན་སྦྱོར་ལ་ཐེ་ཝེ་ཡ་གསར་འགྱུར་ཁང་དང་《རང་བཙན་ཚགས་པ་》ཡི་ཆེད་དོན་བཅར་འདྲི་དང་ལེན་བྱས་ནས་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱིས་དོ་ཁུར་བྱེད་པའི་བོད་དང་འབྲེལ་བའི་གནད་དོན་ལ་ལན་བཏབ་པ་རེད།
         ཟླ་9ཚེས་22ཉིན། སྤེལ་རེས་ཚོགས་པས་ཅེ་ཁེ་དང་ཨེ་སོ་ནི་ཡ། ལ་ཐེ་ཝེ་ཡ་བཅས་ཀྱི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་རྗེས་ཕྱིར་ཀྲུང་གོར་ལོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།