འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་མཇུག་འགྲིལ་བ།
         ཟླ་4ཚེས་24ཉིན་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་དང་། མི་དམངས་དྲ་བ་དང་། པེ་ཅིང་ལུས་རྩལ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་སློབ་མའི་ཚོགས་པ། གངས་ལྗོངས་རིག་གནས་སྤེལ་རེས་ཚོགས་པ་བཅས་ཀྱིས་རོགས་གཉེར་གནང་བའི་སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།
          གཟའ་འཁོར་བཞི་ཡི་གཟའ་མཇུག་གི་དུས་ཚོད་སྤྱད་ནས་སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྱི་འགྲན་བསྡུར་བྱས་མཐར། ལས་ཁུངས་ཀྱི་སྡེ་ནས་ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་རུ་ཁག་གིས་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་རུ་ཁག་གིས་ཨང་གཉིས་པ་བླངས། སློབ་མའི་སྡེ་ནས་སྐྱེས་པ་རུ་ཁག་གི་ནང་པེ་ཅིང་ལུས་རྩལ་སློབ་ཆེན་གྱིས་ཨང་དང་པོ་བླངས་པ་དང་། པེ་ཅིང་པར་སྐྲུན་སློབ་གླིང་རུ་ཁག་གིས་ཨང་གཉིས་པ་བླངས། ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་རུ་ཁག་གིས་ཨང་གསུམ་པ་བླངས། སྐྱེས་མ་རུ་ཁག་གི་ནང་ནགས་ལས་སློབ་ཆེན་དང་ཞིང་ལས་སློབ་ཆེན་གྱི་མཉམ་འབྲེལ་རུ་ཁག་གིས་ཨང་དང་པོ་བླངས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་རུ་ཁག་གིས་ཨང་གཉིས་པ་བླངས། གཞན་པེ་ཅིང་པར་སྐྲུན་སློབ་གླིང་རུ་ཁག་གི་རུ་མི་ཚེ་རིང་རྣམ་རྒྱལ་ལ་སྐྱེས་པའི་རུ་ཁག་ཁྲོད་ཀྱི་ཕུལ་བྱུང་ལུས་རྩལ་པའི་བྱ་དགའ་ཐོབ་པ་དང་། ནགས་ལས་སློབ་ཆེན་དང་ཞིང་ལས་སློབ་ཆེན་གྱི་མཉམ་འབྲེལ་རུ་ཁག་གི་རུ་མི་གཡང་འཛོམས་ལ་སྐྱེས་མའི་རུ་ཁག་ཁྲོད་ཀྱི་ཕུལ་བྱུང་ལུས་རྩལ་པའི་བྱ་དགའ་ཐོབ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་སློབ་མའི་ཚོགས་པར་ཕུལ་བྱུང་རྩ་འཛུགས་པའི་བྱ་དགའ་ཐོབ་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།སྐབས་24པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་མཇུག་འགྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།