འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སྐབས་གསུམ་པའི་བོད་ཀྱི་རིག་གནས་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སྐབས་གསུམ་པའི་བོད་ཀྱི་རིག་གནས་དུས་ཆེན།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཡར་ཀླུང་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་གཙོ་གཉེར་བྱེད་པའི་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སྐབས་གསུམ་པའི་བོད་ཀྱི་རིག་གནས་དུས་ཆེན་དེ་སློབ་གྲྭའི་རྟེན་རྫས་བཤམས་མཛོད་ཁང་གི་མདུན་དུ་བཏང་ཞིང་། རིག་རྩལ་འཁྲབ་སྟོན་དང་རིག་གནས་ངོ་སྤྲོད། དམངས་སྲོལ་བྱེད་སྒོ་གསུམ་ནི་ཐེངས་འདིའི་དུས་ཆེན་གྱི་ཚན་པ་ཆེན་པོ་གསུམ་བྱས་ཏེ་རིམ་པ་ལྟར་བོད་ཀྱི་ས་གནས་ཁག་གི་སྐོར་བྲོ་འཁྲབ་སྟོན་དང་། ཐང་ག་དང་དམངས་སྲོལ་གྱི་རྒྱན་ཆ་འགྲེམས་སྟོན། བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་དང་ཡུལ་དངོས་སུ་འབྲི་སྦྱོང་། བོད་ཀྱི་ཟས་རིགས་འགྲེམས་སྟོན་དང་རོ་མྱོང་། བོད་སྤོས་དང་ནས་ཆང་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་བྱས་པ་རེད། 
          ཀྲུང་དབྱང་མི་རིགས་སློབ་ཆེན་དང་། པེ་ཅིང་དགེ་འོས་སློབ་ཆེན། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་སོགས་ཀྱི་བོད་རིགས་སློབ་མ་རྣམས་ཀྱང་ཐེངས་འདིའི་རིག་གནས་དུས་ཆེན་གྱི་བྱེད་སྒོ་ནང་ཞུགས་ཏེ་བོད་ཀྱི་དམངས་སྲོལ་རིག་གནས་ངོ་སྤྲོད་དང་། སྲོལ་རྒྱུན་བྲོ་གར་འཁྲབ་སྟོན་སོགས་བྱེད་རོགས་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སྐབས་གསུམ་པའི་བོད་ཀྱི་རིག་གནས་དུས་ཆེན།
      

    ཕྱོགས་བསྡུས་གསར་འགྱུར།