འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་ཆས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་ཆས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཧའེ་ཡང་རྡོ་སྣུམ་སྤྱི་ཁྱབ་ཀུང་སིས། ཉེ་བའི་ལོ་ཤས་རིང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། བོད་ལྗོངས་ནག་ཆུ་ས་ཁུལ་ཉི་མ་རྫོང་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་300ལྷག་བཏང་སྟེ། ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དྲུག་འཛུགས་རོགས་བྱས་པ་དང་། ཞིང་འབྲོག་དུད་ཚང་20ལྷག་ལ་ཁེ་ལས་ཆེས་ཆུང་གྲས་འཛུགས་རོགས་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉི་མ་རྫོང་གི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8400ལྷག་ཟིན་པ་དང་། བདེ་སྐྱིད་སྟོན་གྲངས་གོང་མཐོར་སོང་ཡོད་ཅིང་། འདི་ནི་ཉི་མ་རྫོང་རྟ་སྒོ་ཤང་གི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལས་མིས་འོ་མ་བཞོ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།