འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ས་ག་ཟླ་བའི་དུས་ཆེན་བསུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱིས་ས་ག་ཟླ་བའི་དུས་ཆེན་བསུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་ནི་བོད་ལུགས་ཀྱི་ཟླ་བ་བཞི་པའི་ཚེས་གཅིག་སྟེ་བོད་ཀྱི་སྲོལ་རྒྱུན་དུས་ཆེན་ས་ག་ཟླ་བའི་ཉིན་དང་པོ་རེད། བོད་ལུགས་ཀྱི་ཟླ་བ་བཞི་པར་ས་ག་ཟླ་བ་འབོད་ཀྱི་ཡོད་ལ། སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་ཟླ་བ་རེད། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཚོས་ཟླ་བ་འདི་ནི་བསོད་ནམས་ཅན་དང་བཀྲ་ཤིས་པའི་ཟླ་བར་བརྩིས་ནས་ཟླ་བ་འདིའི་རིང་རྒྱ་ཆེའི་དད་ལྡན་པ་རྣམས་ཞོགས་པ་སྔ་ལངས་ཀྱིས་སྐོར་བ་དང་གནས་མཇལ་དུ་འགྲོ་བ་དང་། དགེ་སྒྲུབ་སྡིག་སྤངས་བྱེད་ཀྱི་ཡོད། ས་གནས་སོ་སོའི་དགོན་སྡེ་ཁག་གིས་ཀྱང་སྨོན་ལམ་དང་དྲན་གསོ་སོགས་ཀྱི་ནང་བསྟན་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】  【13】
    ༄༅།།བོད་ལྗོངས་ཀྱིས་ས་ག་ཟླ་བའི་དུས་ཆེན་བསུས་པ།
      

    ཕྱོགས་བསྡུས་གསར་འགྱུར།