འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་གྱི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་
    བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.17ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གོང་ཚེས་ཉིན་ཟླ་བཞི་པའི་ནང་གི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.95ཟིན་ནས་0.3%ཆག་པ་དང་། དེའི་ནང་ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.13ཟིན་ནས་4.1%འཕར་བ་དང་། ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་8275ཟིན་ནས་5.7%ཆག་པ། ཉོ་ཚོང་ཐད་ཀྱི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་2980ཟིན་ནས་45.8%འཕར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         འགག་སྒོའི་བསྡོམས་རྩིས་ཐོག་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་7.17ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་4.4%ཆག་པ་དང་། དེའི་ནང་ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.14ཟིན་ནས་2.1%ཆག་པ་དང་། ལྷག་མ་རྣམས་80%ལ་གཞིགས་ནས་སྨན་བཅོས་རོགས་སྐྱོབ་བྱ་རྒྱུ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ལ་100%ཡི་རོགས་སྐྱོབ་བྱས་ནས་མི་རེའི་ལོ་རེའི་སྒོ་བསྟེན་རོགས་སྐྱོབ་ཚད་གཞི་སྒོར་ཁྲི་1ཡིན་པ་རེད།
         མི་འབོར་དབུལ་པོས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་ཁང་དུ་སྡོད་རིང་ཐོན་པའི་སྨན་བཅོས་གྲོན་དངུལ་དག་སྲིད་ཇུས་ལ་བརྟེན་ནས་ཆག་ཡང་དང་རྩ་ཆག་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་སྨན་བཅོས་འགན་བཅོལ་བཅས་རྩིས་ཞུ་བྱས་རྗེས། ཐོག་མར་འཇལ་བའི་ཚད་གཞི་མ་བཟོས་པར་ལྷག་པའི་སྲིད་ཇུས་ཁྱབ་ཁོངས་ནང་ངམ་ཡང་ན་ཚད་གཞི་ལོན་པའི་སྨན་བཅོས་གྲོན་དངུལ་ལ་ཆ་མཚོན་ན། 80%ཡི་རོགས་སྐྱོབ་སྤྲོད་རྒྱུ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ལ་100%ཡི་རོགས་སྐྱོབ་བྱས་ནས་མི་རེའི་ལོ་རེའི་རོགས་སྐྱོབ་ཚད་གཞི་སྒོར་ཁྲི་5ནས་6བར་ཡིན་པ་རེད།
         ནད་གཞི་ཚབས་ཆེན་དང་ལྕི་རིགས་ཕོག་པའི་མི་འབོར་དབུལ་པོ་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་ཁང་དུ་སྡོད་རིང་ཐོན་པའི་སྨན་བཅོས་གྲོན་དངུལ་དག་སྲིད་ཇུས་ལ་བརྟེན་ནས་ཆག་ཡང་དང་རྩ་ཆག་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ནད་ཆེན་སྨན་བཅོས་འགན་བཅོལ་རྩིས་ཞུའམ་ཡང་ན་ལས་འཛོལ་འགན་འཁྲིའི་ཕྱོགས་ཀྱིས་སྐྱིན་ཚབ་འཇལ་རྗེས་ལོ་འཁོར་ནང་མི་སྒེར་གྱིས་ཁུར་དགོས་པའི་གྲོན་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི་3ཡན་ལས་བརྒལ་བའི་ཆ་ཤས་དག་60%ལ་གཞིགས་ནས་རོགས་སྐྱོབ་བྱ་རྒྱུ་དང་མི་རེའི་ལོ་རེའི་རོགས་སྐྱོབ་ཚད་གཞི་སྒོར་ཁྲི་10ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།