འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མི་འབོར་དབུལ་པོར་དམིགས་ནས་ལུས་ཁམས་བདེ་སྲུང་གི་གྲོན་དངུལ་ཆག་
    ཡང་དང་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་ཁག་18བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ་42དང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་1622ཡི་མི་འབོར་དབུལ་པོ་ཁྲི་52ལ་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱས་ཤིང་། 2016ལོ་ནས་2020ལོ་བར་མི་འབོར་དབུལ་པོས་སྨན་པ་བསྟེན་པའི“ཆག་ཡང་གཅིག་དང་རྩ་ཆག་བདུན”དང་སྨན་བཅོས་གནད་སྨིན་དབུལ་སྐྱོར“བཅུ་ལ་ཁྱབ་པའི”སྲིད་ཇུས་སོགས་སྨན་བཅོས་བདེ་སྲུང་གི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་ཁག་18ལག་བསྟར་བྱས་ཏེ། མི་འབོར་དབུལ་པོའི་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་དང“ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི”གནས་ཚུལ་མི་ཐོན་པ་བྱ་རྒྱུ་རེད།
         མཚོ་སྔོན་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོས་སྨན་བཅོས་བྱེད་པ་དང་སྨན་པ་བསྟེན་རྒྱུའི་ཐད“ཆག་ཡང་གཅིག་དང་རྩ་ཆག་བདུན”གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། སྤྱིར་བཏང་གི་ཨང་ཐོ་འགོད་པའི་གྲོན་དངུལ་དང་། སྨན་ཁང་དུ་བསྡད་པའི་ནད་པའི་སྨན་བཅོས་གྲོན་དངུལ། ནད་གཞི་ལྟ་བ་དང་ནད་བརྟག་གྲོན་དངུལ། བརྟག་དཔྱད་གྲོན་དངུལ། ཞིབ་བཤེར་གྲོན་དངུལ། སྦྲིད་བཟིའི་གྲོན་དངུལ། གཤགས་བཅོས་གྲོན་དངུལ་བཅས་རྩ་ཆག་གཏོང་རྒྱུ་དང་། སྨན་ཁང་དུ་བསྡད་པའི་ཉལ་ཁྲིའི་གྲོན་དངུལ་ཆག་ཡང་དུ་གཏོང་རྒྱུ་དེ་རེད།
         དེ་དང་ཆབས་ཅིག་མི་ཚོགས་དབུལ་པོར་དམིགས་ནས་སྨན་བཅོས་ཞབས་ཞུ“བཅུ་ལ་ཁྱབ་རྒྱུ”ལག་བསྟར་བྱས་པ་སྟེ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་རིན་མེད་སྐྱ་གྲིབ་བསྐྱར་མཐོང་གཤགས་བཅོས་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དབུལ་པོར་གཤགས་བཅོས་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། ཐུམ་འབུའི་ནད་ཀྱི་རིན་མེད་སྨན་རྫས་སྨན་བཅོས་དང་གཤགས་བཅོས་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། ས་ཁུལ་དབུལ་པོའི་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་བཙའ་བའི་ཁ་གསབ་རོགས་དངུལ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། ས་ཁུལ་དབུལ་པོའི་བཙའ་ལོ་རན་པའི་བུད་མེད་ཚོར་ལོ་མའི་སྐྱུར་རྒྱུ་འཐུང་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། སྐྱེས་མ་ཐག་པའི་ཕྲུ་གུ་ལེགས་འདེམས་དང་བྱིས་པའི་འཚོ་བཅུད་ལེགས་གཏོང་གི་རྣམ་གྲངས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། ས་ཁུལ་དབུལ་པོར་ཕྲུ་གུ་མ་འཁོར་གོང་གི་ལེགས་བཙའ་བདེ་ཐང་བརྟག་དཔྱད་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། ས་ཁུལ་དབུལ་པོར་འཆར་ལྡན་བུ་བཙའི་ཐད་ཀྱི་རིན་མེད་ལག་རྩལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། མི་འབོར་དངུལ་པོའི་རིམས་ནད་འཕྲལ་སྡོམ་རོགས་སྐྱོབ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། “མེད་པ་གསུམ”གྱི་མི་སྣར་སྨན་བཅོས་སྐྱོབ་བཅོས་འཕྲལ་མར་བྱ་རྒྱུ་དང་ས་ཁུལ་དབུལ་པོའི་ལོ་65ཡན་གྱི་རྒན་རྒོན་ལ་རིན་མེད་བདེ་ཐང་བརྟག་དཔྱད་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་མི་འབོར་དབུལ་པོར་སྨན་བཅོས་རོགས་སྐྱོབ་དང་དབུལ་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མི་འབོར་དབུལ་པོར་ཉེན་ཁ་ཆེ་བའི་འབྲས་སྐྲན་ཕོག་རྐྱེན་རྫས་འགྱུར་སྨན་བཅོས་བྱེད་དགོས་རིགས་དང་མཁལ་མའི་ནུས་པ་ཉམས་པའི་དལ་ནད་ཕོག་རྐྱེན་ཁྲག་དྭངས་སིང་འབྱེད་དགོས་རིགས། དེ་བཞིན་མི་ལུས་དབང་པོ་བརྗེས་རྗེས་གཞན་འབུད་སྨན་བཅོས་དང་ཁྲག་ཐོན་སླ་བའི་ནད་སྔོན་འགོག་བྱེད་པ་སོགས་ཀྱི་རིམས་ནད་གལ་ཆེན་ལ་ཆ་མཚོན་ན། སྒོ་བསྟེན་སྨན་བཅོས་བྱེད་པའི་ཐད་ཀྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་གྲོན་དངུལ་དག་གཞི་རྩའི་སྨན་བཅོས་འགན་བཅོལ་རྩིས་ཞུ་བྱས་རྗེས།
      

    ཕྱོགས་བསྡུས་གསར་འགྱུར།