འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པུ་རུ་སེར་གྲོང་ཁྱེར་དུ་མུ་འབྲེལ་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས་ཉུང་མཐའ་ཡང་མི་
    34རྐྱེན་ལམ་དུ་ཤོར་བ་དང་མི་170ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 17:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་གྱི་ཞོགས་པར་འབར་གས་ཀྱི་སྒྲ་ཆེན་པོ་བསྟུད་མར་གྲགས་པ་དེས་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་གནས་ས་དང་པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རུ་སེར་གྲོང་ཁྱེར་གྱི་ལྷིང་འཇགས་དཀྲོག་པ་རེད། པུ་རུ་སེར་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དང་གྲོང་ཁྱེར་ལྟེ་གནས་ཀྱི་ས་འོག་མེ་འཁོར་འབབ་ཚུགས་སུ་བསྟུད་མར་འབར་གས་ཐེངས་གསུམ་བྱུང་བས། མིག་སྔའི་བར་དུ་ཉུང་མཐའ་ཡང་མི་34རྐྱེན་ལམ་དུ་ཤོར་བ་དང་། མི་170ལ་རྨས་སྐྱོན་ཕོག་པ་རེད། འདི་ནི་ན་ནིང་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རི་སི་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པ་ཐེབས་རྗེས་ཡོ་རོབ་གླིང་དུ་ཡང་བསྐྱར་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་པོ་ཡང་བསྐྱར་ཞིག་རེད།
         པེར་ཀྲེམ་རྒྱལ་ཁབ་ཀྱིས་འཕྲལ་མར་རྒྱལ་ཡོངས་ཀྱི་འཇིགས་སྐུལ་ཉེན་ཁ་དོགས་ཟོན་རིམ་པ་དེ་རིམ་པ་མཐོ་ཤོས་ཏེ་རིམ་པ་4པར་མཐོ་རུ་བཏང་བ་དང་། ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཁྲོམ་སྲང་ཁག་ལ་མངགས་པ་རེད། པེར་ཀྲེམ་རྒྱལ་ཁབ་ཀྱི་ནང་སྲིད་བློན་ཆེན་གྱིས་འབར་གས་ཐེངས་གསུམ་བྱུང་བ་ཚང་མ་འཇིགས་སྐུལ་འཇབ་རྒོལ་ཡིན་པར་ངོས་འཛིན་བྱས་ཤིང་། པེར་ཀྲེམ་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འཇིགས་སྐུལ་འཇབ་རྒོལ་པ་བྲོས་བྱོལ་དུ་འགྲོ་མཁན་ཡོད་མེད་རྩད་གཅོད་བྱེད་བཞིན་ཡོད་པ་རེད།
         འཇབ་རྒོལ་དེས"ཡོ་རོབ་གླིང་གི་སྙིང་ཁ་ལྟར་"ཡིན་པའི་པུ་རུ་སེར་གྲོང་ཁྱེར་གཡོ་བར་བྱས་ཡོད་ལ། ཡོ་རོབ་གླིང་ཧྲིལ་པོར་ཡང་སླར་རྨ་ཁ་བཟོས་པ་རེད། ཧྥ་རན་སེ་དང་། དབྱི་ཐ་ལི། འཇར་མན། ཧོ་ལན་སོགས་རྒྱལ་ཁབ་ཀྱིས་འཕྲལ་མྱུར་དུ་བྱ་ཐབས་ལག་བསྟར་བྱས་ནས་བདེ་སྲུང་ཉེན་ཟོན་བྱེད་ཤུགས་ཆེ་རུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།