འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བ་སོ་ནང་འདྲེན་ལ་དོ་དམ་དང་ཚོད་འཛིན་སྔར་ལས་ནན་པོ་བྱེད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་2016ལོའི་སྤྱི་བསྒྲགས་ཨང་3པ་ཁྱབ་བསྒྲགས་བྱས་པ་དང་། ནང་འདྲེན་བ་སོ་དང་བ་སོའི་བཟོས་རྫས་སོགས་ལ་དོ་དམ་དང་ཚོད་འཛིན་བྱེད་ཐབས་སྔར་ལས་ནན་པོ་ལག་ལེན་བསྟར་རྒྱུ་རེད། 2016ལོའི་ཟླ་3ཚེས་20ཉིན་ནས་2019ལོའི་ཟླ་12ཚེས་31ཉིན་བར་དུ་རང་རྒྱལ་དུ་གནས་སྐབས་སུ་གཤམ་གྱི་བ་སོ་རིགས་གསུམ་དང་བ་སོའི་བཟོས་རྫས་གནས་སྐབས་ནང་འདྲེན་བྱས་མི་ཆོག་པ་གཏན་འབེབས་བྱས་པ་སྟེ། 《རྩ་མེད་དུ་འགྲོ་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྐོར་གྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་》(གཤམ་དུ་བསྡུས་ནས་《སྤྱི་ཆིངས་》ཟེར་རྒྱུ་)ལ་ནུས་པ་མ་ཐོན་གོང་ཐོབ་པའི་བ་སོ་དང་བ་སོའི་བཟོས་རྫས་དང་། 《སྤྱི་ཆིངས་》ལ་ནུས་པ་ཐོན་རྗེས་ཐོབ་པའི་ཨ་ཧྥེ་རི་ཁ་གླིང་གི་བ་སོའི་བརྐོས་རྫས། ཨ་ཧྥེ་རི་ཁ་གླིང་དུ་རྔོན་བརྒྱབ་རྗེས་ཐོབ་པའི་རྔོན་བརྒྱབ་དྲན་རྟེན་བ་སོ་བཅས་ཡིན། གནས་སྐབས་ནང་འདྲེན་བྱས་མི་ཆོག་པའི་བྱེད་ཐབས་ལག་ལེན་བསྟར་དུས་ཡུན་ནང་དུ་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་འབྲེལ་ཡོད་སྲིད་འཛིན་ཆོག་འཁྲོལ་བྱ་བ་བདག་སྤྲོད་བྱེད་མཚམས་འཇོག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།