འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མངོན་མིན་རིག་རྩལ་ཤུལ་བཞག་ཐང་ག་30ལྷག་པའེ་ཏུའུ་ཡི་ཤེས་བྱ་ཀུན་བཏུས་དྲ་བའི་
    ཐོག་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མངོན་མིན་རིག་རྩལ་ཤུལ་བཞག་"ཐང་ག་"ཆེད་ སྒྲིག་པའེ་ཏུའུ་ཡི་ཤེས་བྱ་ཀུན་འདུས་དྲ་བའི་ཐོག་བཀོད་ཅིང་། ཐང་ག་སྤུས་ལེགས་30ལྷག་དྲ་བའི་ཐོག་འགྲེམས་སྟོན་བྱས་པ་རེད། ཐང་ག་དེ་ཚོའི་ཁྲོད་དུ་ཆེས་ཡིད་དབང་འགུག་པ་ནི་བརྙན་རྒྱུ་རིམ་པ་དུང་ཕྱུར་10ཡི་ཐོག་ནས་འགྲེམས་སྟོན་བྱས་པའི་གསལ་ཚད་ཤིན་ཏུ་ཆེ་བའི་ཐང་ག་《སྒྲོལ་དཀར་》ཞེས་པ་དེ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། པའེ་ཏུའུ་ཡི་ཤེས་བྱ་ཀུན་འདུས་དྲ་བའི་ཐོག་ཐང་ག་འགྲེམས་སྟོན་བྱས་པ་ཕུད། ད་དུང་ཐང་ག་དང་ལྷ་རིས་པའི་སྐོར་གྱི་པའེ་ཏུའུ་ཁོ་ནའི་དངོས་པར་བརྙན་ཟློས་ཡང་སྤེལ་ཡོད་པས། དྲ་གྲོགས་ཚོར་མངོན་མིན་རིག་གནས་དངོས་བདེན་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།