འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྙན་ཞུའི་ནང་ཀྲུང་གོ་འདི་
    ཉིད་རིག་གནས་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་ཅེས་འཁོད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གྲངས་གཞི་ཞིབ་འཇུག་ཁང་(UIS)གིས་ཚེས་10ཉིན་ཡོངས་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ནང་ཀྲུང་གོ་ནི་མིག་སྔར་རིག་གནས་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་དེའི་རྗེས་སུ་ཨ་རི་ཡིན། 2013ལོར་ཀྲུང་གོའི་རིག་གནས་ཐོན་རྫས་ཕྱིར་གཏོང་རིན་ཐང་བསྡོམས་ཨ་སྒོར་དུང་ཕྱུར་60.1ཟིན་པ་དེ་ཨ་རིའི་ཨ་སྒོར་དུང་ཕྱུར་27.9ལས་ལྡབ་གཅིག་ལྷག་ཙམ་མང་བ་ཡོད་ཅེས་འཁོད་ཡོད་པ་རེད།
         གོང་གསལ་སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་ནས་གློག་བརྙན་དང་རོལ་དབྱངས་ཀྱི་འཛད་སྤྱོད་པ་མང་པོ་ཞིག་དྲ་རྒྱའི་འབྲེལ་ཡོད་ཞབས་ཞུའི་ཕྱོགས་སུ་བསྒྱུར་མོད། འོན་ཀྱང་2004ལོ་ནས་2013ལོའི་བར་རིག་གནས་ཐོན་རྫས་ཀྱི་ཉོ་ཚོང་དངུལ་འབོར་ལྡབ་གཅིག་འཕར་ཡོད་ཅེས་འཁོད་ཡོད། “2013ལོའི་རིག་གནས་ཐོན་རྫས་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་212.8ཟིན་པ་དེ་2004ལོའི་ཉོ་ཚོང་དངུལ་འབོར་གྱི་ལྡབ་གཅིག་ཙམ་རེད”“དེ་ལས་རིག་གནས་ཐོན་ལས་དེ་ད་ལྟའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་གནས་བབ་གལ་ཆེན་བཟུང་བའི་ར་སྤྲོད་ཐུབ་ཡོད”ཅེས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གྲངས་གཞི་ཞིབ་འཇུག་ཁང་གི་འགན་འཁུར་བ་མོང་ཐུའོ་ཡ་ཡིས་བཤད་པ་རེད།
         ཨ་རི་འདི་ཉིད་རིག་གནས་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་དེ་མིན་མོད། འོན་ཀྱང་སྔར་བཞིན་ཐོན་རྫས་དེ་རིགས་ཀྱི་ནང་འདྲེན་རྒྱལ་ཁབ་ཆེ་ཤོས་དེ་ཡིན། སྤྱི་ཡོངས་ནས་བལྟས་ན། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རིག་གནས་ཐོན་རྫས་ཀྱི་ཕྱིར་གཏོང་ཁྲོད་བཟུང་བའི་བསྡུར་ཚད་ཆག་གི་ཡོད་ཀྱང་ནང་འདྲེན་ཁྲོད་སྔར་བཞིན་གནས་བབ་གཙོ་བོ་བཟུང་ཡོད། དེ་དང་དུས་མཚུངས་གསར་དར་ཁྲོམ་རའི་རིག་གནས་ཐོན་རྫས་ཕྱིར་གཏོང་བྱེད་མང་དུ་འགྲོ་གི་ཡོད། ཉེ་བའི་ལོ་ཤས་རིང་ཐུར་ཁེ་དང་རྒྱ་གར་མགྱོགས་མྱུར་འཕེལ་རྒྱས་སོང་ནས་འཛམ་གླིང་གི་རིག་གནས་ཐོན་རྫས་ཕྱིར་གཏོང་རྒྱལ་ཁབ་ཆེ་གྲས་10ཡི་གྲས་སུ་སླེབས་ཡོད་པ་རེད།
         2004ལོ་ནས་2013ལོའི་བར“མངོན་མིན་ཅན”གྱི་འཕེལ་ཕྱོགས་སམ་ཡང་ན་རོལ་དབྱངས་དང་། གློག་བརྙན། ཚགས་པར་སོགས་ཐོན་རྫས་ཀྱི་གྲངས་གཞི་ཅན་གྱི་འཕེལ་ཕྱོགས་ལས་ཐོན་ལས་དེ་དག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། ཐོན་རྫས་དེ་རིགས་རིག་གནས་ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་རིམ་བཞིན་ཐོན་རྫས་དེ་དག་དྲ་རྒྱའི་ཐོན་རྫས་སུ་བརྩིས་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།
         ཚགས་པར་བྲིན་ཚད་ཆག་འགྲོ་བ་དེ་ལས་པར་སྐྲུན་ཐོན་རྫས་ཉོ་ཚོང་བྱེད་ཚད་ཆག་འགྲོ་བ་མཚོན་གྱི་ཡོད་མོད། འོན་ཀྱང་དཔེ་དེབ་དེ་སྔར་བཞིན་ས་ཁུལ་ཁག་གཅིག་ཏུ་རིག་གནས་ཕྱིར་གཏོང་ཐོན་རྫས་གཙོ་བོ་དེ་ཡིན་པ་དང་2004ལོ་ནས་2013ལོའི་བར་20%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།