མི་དམངས་དྲ་བ།

༄༅།།འཕྲིན་གཏོང་ཆ་འཕྲིན་གྱི་ཁ་བསླུས་སྔོན་འགོག་བྱེད་དགོས་ཞེས་ལས་རིགས་ནང་ཁུལ་གྱི་
མི་སྣས་དྲན་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཝུའུ་ཧན་དུ་འཚོགས་པའི“འཕྲིན་གཏོང་ཆ་འཕྲིན་ཐོག་ནས་ཁ་བསླུས་རྒྱག་པའི་གནས་ཚུལ་ལ་དོགས་ཟོན་བྱ་རྒྱུ་དང་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད”ཀྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག ཀྲུང་གོ་གློག་འཕྲིན་ཧུའུ་པེ་ཡན་ལག་ཀུང་སིའི་དྲ་རྒྱ་འཁོར་རྒྱུག་སྲུང་སྐྱོང་པུའི་ཀྲུའུ་རེན་ལིའུ་ཨན་ཅུན་གྱིས་རྒྱུན་མཐོང་གི་འཕྲིན་གཏོང་ཆ་འཕྲིན་ཐོག་ནས་ཁ་བསླུས་རྒྱག་སྟངས་ཁག་གཅིག་བཏོན་ཏེ། རྒྱ་ཆེའི་འཛད་སྤྱོད་པར་དོགས་ཟོན་ཆེར་སྐྱེད་དགོས་པའི་དྲན་སྐུལ་བྱས་པ་གཤམ་གསལ་སྟེ།
         གཅིག་ནས་ཁ་པར་ལ་དངུལ་མེད་པ་དཔེར་ན། ཁྲིམས་འགལ་པས་གཉེར་སྐྱོང་ཚོང་པའམ་ཡང་ན་ཉེན་རྟོག་པ་ཡིན་ཁུལ་བྱས་ཏེ་བདག་པོར་ཐོབ་ཐང་ཆ་འཕྲིན་མི་གཞན་གྱིས་རྫུན་སྤྱོད་བྱས་འདུག་ཅེས་བཤད་པ་དང་། དངུལ་མེད་ཁ་པར་དང་དེ་བཞིན་དངུལ་ཁང་གི་གཱ་དང་སྡོམ་འབྲེལ་བྱས་ཏེ་བཙོག་དངུལ་གཙང་སྒྱུར་གྱི་དོགས་གཞིར་འཛིན་ནས་ཁྲིམས་ཆད་གཅོད་སྲིད་པ།
         གཉིས་ནས་གཱ་དྲད་ནས་འཛད་སྤྱོད་བྱེད་པ་དཔེར་ན། ཁྲིམས་འགལ་པས་ཆ་འཕྲིན་བསྐུར་ནས་དངུལ་ཁང་གཱ་ད་ལྟ་ས་ཆ་ཞིག་ཏུ་བེད་སྤྱོད་བྱས་ཏེ་འཛད་སྤྱོད་བྱས་སོང་ཞེས་བརྗོད་པ་དང་། འདྲི་རྟོག་ཁ་པར་མཁོ་འདོན་བྱེད་པ་རེད། གལ་སྲིད་གཱ་ཡི་བདག་པོས་ཁ་པར་ཐད་ཀར་བརྒྱབ་ཚེ་ཕལ་ཆེར“དངུལ་སྤྲོད་རྒྱུའི་མགོ་སྐོར་འོག”ཚུད་སྲིད་པ།
         གསུམ་ནས་གྲོན་དངུལ་ཕྱིར་སློག་བརྡ་ཐོ་གཏོང་བ་དཔེར་ན། ཁྲིམས་འགལ་པས་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་ཡིན་ཁུལ་བྱས་ཏེ་ཁྲལ་སློག་སོགས་ཀྱི་སྐད་ཆ་བཤད་ནས་གནོད་འཚེ་ཕོག་མཁན་གྱིས་དམིགས་འཛུགས་དངུལ་ཁང་གི་གཱ་ཞིག་ནང་དངུལ་རྒྱག་རྒྱུའི་རེ་བ་འདོན་གྱི་ཡོད།
         གཞན་ཡང་། རྒྱན་རྫུས་མ་ཐོབ་པ་དང་། རིན་གོང་དམའ་པོས་ཉོ་སྒྲུབ་བྱེད་པ། དངུལ་བསྐུར་ནས་རོགས་སྐྱོབ་བྱེད་པ། འཕྲིན་བཏང་ནས་དངུལ་བླུག་རྒྱུའི་རེ་བ་འདོན་པ། གླ་ཆ་མཐོ་བའི་མི་སྣ་གདན་ཞུ་སོགས་ཀྱི་གཡོ་ཐབས་སྣ་ཚོགས་ཡོད།
         གློག་འཕྲིན་རིགས་གཅིག་མཁས་པས་ཁ་པར་སྤྱོད་མཁན་ཚོར་དྲ་ངོས་སྦྲེལ་མཐུད་གང་བྱུང་དུ་ཁ་ཕྱེ་མི་རུང་བ་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་། དངུལ་ཁང་གཱ་ཡི་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱ་རྒྱུ་མེད། ལྷག་པར་དུ་རྒྱུས་མངའ་མེད་པའི་མིར་དངུལ་བསྐུར་རྒྱུ་མེད། གལ་སྲིད་དོགས་གཞི་ཡོད་ཚེ་དུས་ཐོག་ཏུ་གཞུང་ཕྱོགས་ཀྱི་ཞབས་ཞུའི་ཁ་པར་ཐོག་ནས་བློ་འདྲི་བྱེད་ཆོག་ཅེས་དྲན་སྐུལ་བྱས་པ་རེད།