འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གིས་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྣམ་འགྱུར་ལ་རྒྱལ་
    སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཕྱི་རྒྱལ་གྱི་གླེང་ཕྱོགས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོར་ཀྲུང་གོས་ཇི་ལྟར་བྱས་ཏེ་སྒྱུར་བཅོས་འགག་སྒྲོལ་བྱེད་པའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁ་ཤས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་རྒྱལ་ཁབ་གང་རུང་ཞིག་ལའང་དཔལ་འབྱོར་ཕྱོགས་འགྱུར་དུས་མཚམས་སུ་དཀའ་གནད་སྣ་ཚོགས་འཕྲད་སྲིད་ཅེས་བཤད་པ་དང་ཁོང་ཚོས་ཀྲུང་གོ་སྲིད་གཞུང་གིས་དཀའ་ངལ་ལ་ཁ་གཏད་གཅོག་པའི་རྣམ་འགྱུར་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་གནད་དོན་དེ་དག་ཐག་གཅོད་བྱེད་པའི་ཀྲུང་གོའི་བྱེད་ཐབས་དང་ནུས་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
         སིང་ཀ་ཕོར་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ནང་སྔོན་ཆད་དང་བསྡུར་ཚེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་གཏན་འཁེལ་བྱས་རྗེས་སྲིད་ཇུས་ཀྱི་ལས་འགན་འཆར་གཞི་བཏིང་ནས་གནད་དོན་དེ་དག་ཐག་གཅོད་བྱ་རྒྱུ་རེད་ཅེས་བསྟན་ཡོད།
         ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཕེ་རུ་《ཤར་ཕྱོགས་》ཟླ་རེའི་དུས་དེབ་ཀྱི་འགན་འཁུར་རྩོམ་སྒྲིག་པ་གཞོན་པ་ལུའོ་སེན་ཏུའོ·ཨ་ཁ་ཐེས་རྒྱལ་ཁབ་གང་རུང་ཞིག་ལའང་དཔལ་འབྱོར་ཕྱོགས་འགྱུར་དུས་མཚམས་སུ་དཀའ་ངལ་འཕྲད་སྲིད་པ་དང་འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོས“ཀྲུང་གོའི་བཟོ་སྐྲུན”ནས“ཀྲུང་གོའི་གསར་གཏོད”བར་གྱི་འགྱུར་ལྡོག་ཞིག་བརྒྱུད་དགོས་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱིས་དགེ་མཚན་ལྡན་པའི་བྱེད་ཐབས་མང་པོ་སྤྱད་དེ་ལས་རིགས་ཁག་ལ་ཞིབ་སྤེལ་དང་རང་བདག་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པའི་ངོས་འཛིན་གནང་བ་དང་ཁོང་གིས་རིང་པོར་མ་ཐོགས་པར་ཀྲུང་གོས་གསར་གཏོད་ནུས་པ་མི་འདང་བའི་དཀའ་ངལ་དེ་ཁྱད་བསད་བྱེད་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         དེ་སྔ་ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་མྱོང་བ་དང་ཀྲུང་གོའི་གནད་དོན་ཐད་ཞིབ་འཇུག་ཟབ་མོ་ལྡན་པའི་ཧྥ་རན་སེའི་ཕ་རི་སིའི་སློབ་ཆེན་ཨང་བརྒྱད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་ཁམས་རིག་པའི་འབུམ་རམས་པ་ཕི་ཨེར·ཕི་ཁར་གྱིས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་ཀྲུང་གོ་སྲིད་གཞུང་ལ་དཔལ་འབྱོར་གྱི་སྐུལ་འདེད་ནུས་པ་གསར་པ་རྙེད་པ་དང་། ཞིང་ཆེན་མི་འདྲ་བའི་འཕེལ་རྒྱས་ཐད་མུ་མཐུད་མཐུན་སྦྱོར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་གྲུབ་ཆའི་རང་བཞིན་གྱི་ཧེ་བག་ཆུང་དུ་གཏོང་བ་སོགས་ཀྱི་དཀའ་གནད་འཕྲད་རྒྱུ་རེད། དེར་བརྟེན་ཀྲུང་གོ་སྲིད་གཞུང་གིས་གྲུབ་ཆ་སྒྱུར་བཅོས་བྱེད་པ་དང་གསར་གཏོད་ལ་དམིགས་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་འབྲེལ་དམངས་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་། བཟའ་བཅའི་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་སོགས་ནང་དོན་མང་པོ་ཞིག་དེང་སྐབས་སྲིད་གཞུང་ལས་ཀའི་གཙོ་གནད་དུ་འཇོག་དགོས་པའི་ངོས་འཛིན་གནང་བ་རེད། ཁོང་གིས་ཀྲུང་གོ་སྲིད་གཞུང་གི་བྱེད་ཐབས་དེ་དག་གིས་འགྲན་སློང་ལས་རྣམ་པར་རྒྱལ་ནས་དམངས་ཚོགས་ཀྱི་བདེ་རྩ་འཕེལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཕ་ཁི་སི་ཐན—ཀྲུང་གོའི་ཚོང་ལས་དང་མ་འཇོག་སྐུལ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་མ་ནུའུ་ལ·ཧན་དེ་སྔ་ཀྲུང་གོའི་གྲོང་ཁྱེར་མི་ཉུང་བ་ཞིག་ཏུ་ཕེབས་མྱོང་ཡོད་པ་དང་ཀྲུང་གོའི་གནད་དོན་ཐད་ཐུན་མོང་མ་ཡིན་པའི་གཟིགས་ཚུལ་ཡོད། ཁོང་གི་ངོས་ནས་བརྗོད་ན་ཀྲུང་གོར་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ཁོར་ཡུག་བཅོས་སྐྱོང་བྱེད་པ་སོགས་ཀྱི་འགྲན་སློང་འཕྲད་མོད། འོན་ཀྱང་ཀྲུང་གོ་སྲིད་གཞུང་གི་ཆོད་སེམས་དང་སྲིད་ཇུས་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གནད་དོན་དེ་དག་ཐག་གཅོད་ཧ་ཅང་ཡག་པོ་ཐུབ་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད། ཁོང་གིས་མིག་སྔར་ཀྲུང་གོ་སྲིད་གཞུང་འདི་ཉིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་མིག་སྔའི་གནས་བབ་ལེགས་སུ་གཏོང་རེ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱས་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་ཉུང་དུ་ཆེས་ཆེར་ཕྱིན་ཐོག་ཁོར་ཡུག་གི་གནོན་ཤུགས་ཞི་ལྷོད་དུ་ནུས་ལྡན་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།
         ཨར་ཅི་རི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་མིའར་དབུང·ལུའུ་ན་སིས“ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་དེང་སྐབས་ཀྱི་གླེང་མང་བའི་གནད་དོན་ཁ་ཤས་ཐད་ཨ་ལན་གསལ་པོ་སློག་ཡོད”ཅེས་གསུངས་པ་དང་ཁོང་གིས་དེང་སྐབས་ཀྲུང་གོར་འཕྲད་པའི་འགྲན་སློང་ནི་འཕེལ་རྒྱས་དང་ལས་ཞུགས་དང་། སྦགས་བཙོག་བཅོས་སྐྱོང་དང་རུལ་སུངས་ཆད་གཅོད་སོགས་ཀྱི་གནད་དོན་དེ་ཡིན་པ་དང“དེ་དག་ཕལ་ཆེ་བ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་འཕྲད་སྲིད་པའི་དཀའ་གནད་ཅིག་ཡིན། ཀྲུང་གོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གནད་དོན་དེ་དག་གཡོལ་མེད་པ་མ་ཟད། གཙོ་གནད་ལ་བརྩིས་ནས་རྒྱས་བཤད་བྱས་ཡོད་པས་ཀྲུང་གོས་འབྱུང་འགྱུར་གནད་དོན་དེ་དག་ཐག་གཅོད་བྱེད་པའི་ཐད་ངར་ཡིད་ཆེས་ཆེན་པོ་ཡོད”ཅེས་ངོས་འཛིན་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།