འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཀྲུའུ་ཧྲི་ཙེང་གིས་གསོལ་ལྕོག་ཐོག་གི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དེང་དུས་མི་རྣམས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ལ་སྔར་བས་མཐོང་ཆེན་བྱེད་པ་དང་། བཟའ་བཅའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་རེ་བ་དང་འདུན་པའང་ཇེ་མཐོར་འགྲོ་བཞིན་ཡོད། རང་རྒྱལ་གྱི་བཟའ་བཅའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁྱབ་ཁོངས་སུ་ཚོད་འཛིན་ནན་པོ་བྱེད་པའི་དོ་དམ་ལམ་སྲོལ་ལག་བསྟར་བྱེད་པ་དང་། ཁྲོམ་རའི་ཆོག་འཐུས་ལག་ཁྱེར་ལམ་ལུགས་ལག་བསྟར་བྱས་ནས། ནུས་པ་ཡོད་པ་དང་འདོད་མོས་ཡོད་པའི་ཕྱོགས་གསུམ་པའི་སྤུས་ཚད་ཞིབ་བཤེར་ཚན་པ་ཁྲོམ་རར་ཞུགས་ཆོག་པ་མ་ཟད། མང་ཚོགས་ལ་དབང་གྲགས་ལྡན་པ་དང་། མགྱོགས་མྱུར། དངོས་ཕན་ཐོབ་པ་བཅས་ཀྱི་བཟའ་བཅའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་གྱི་ཞབས་འདེགས་ཞུས་ནས། “གསོལ་ལྕོག་ཐོག་གི་བདེ་འཇགས”ལ་འགན་ལེན་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་ཨུ་ཡོན་ཀྲུའུ་ཧྲི་ཙེང་གིས་གྲོས་འགོ་བཏོན་གནང་བ་རེད།
         ངེས་པར་དུ་བང་རིམ་ཡོད་པ་དང་འབུར་གཟུགས་རྣམ་པའི་སྤུས་ཚད་འགན་ལེན་མ་ལག་རིམ་བཞིན་བཙུགས་ཏེ། ཕྱི་ཕྱོགས་སུ་ཁྲོམ་ར་ཅན་ལ་ཞབས་འདེགས་འབོར་ཆེན་ཞུ་མཁན་གྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི་འཛུགས་པ་དང་། རྒྱབ་ཕྱོགས་སུ་དབང་གྲགས་བསྐྱར་ཞིབ་དང་། རྩོད་གཞི་ཁྲུན་གཅོད། ལས་ཁུངས་ཀྱིས་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད། འགན་འཁྲི་ཁ་གསབ། ཁྲིམས་འཛིན་ཐག་གཅོད་སོགས་ཀྱི་འདེགས་སྐྱོར་གྱི་མ་ལག་རབ་དང་རིམ་པ་བཙུགས་ནས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་དག་ཚན་རྩལ་འགན་ལེན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ནང་ཏན་ཏིག་འཇུག་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།