འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་བོ་སྟག་རའི་ནགས་ཚལ་གྱི་མངོན་གསལ་ཆེ་བའི་མེ་དགྲའི་གནས་ཚུལ་ཉུང་དུ་བཏང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐེ་བོ་སྟག་རའི་ནགས་ཚལ་གྱི་མངོན་གསལ་ཆེ་བའི་མེ་དགྲའི་གནས་ཚུལ་ཉུང་དུ་བཏང་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་སྟག་རའི་ནགས་ཁུལ་གྱི་3.02ནགས་ཚལ་མེ་དགྲ་གསོད་པའི་ལས་དོན་སྔར་བཞིན་སྤེལ་གྱིན་ཡོད་པ་དང་། ཡུལ་དངོས་བཀོད་འདོམས་པུའུ་ནས་ཐོན་པའི་གནས་འཕྲིན་ལ་ལྟར་ན། མེ་དགྲའི་གནས་ཚུལ་ལ་སྤྱིར་ན་ཚོད་འཛིན་བྱེད་ཐུབ་པས། མེ་དགྲ་མངོན་གསལ་ཆེ་བའི་གནས་ཚུལ་ཉུང་དུ་བཏང་ཡོད་པ་རེད།
         ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་11བར་དུ། རྒྱལ་ཁབ་ནགས་ཚལ་མེ་གསོད་བཀོད་འདོམས་པུས་ཐད་འཕུར་གནམ་གྲུ་གསུམ་ཙམ་བཀོད་སྒྲིག་བྱས་ཏེ་བར་སྣང་ནས་མེ་གསོད་པ་དང་། མེ་དགྲའི་གནས་ཚུལ་ལ་རྟོག་ཞིབ་བྱས། གཞན་ཐད་འཕུར་གནམ་གྲུ་གཉིས་ནི་མེ་དགྲ་གསོད་པར་ཁ་སྣོན་དུ་ཡོང་བཞིན་ཡོད་པ་རེད། མིག་སྔའི་བར། ནགས་ཚལ་མེ་དགྲ་བྱུང་བ་འདིའི་ནང་། དྲག་ཆས་ཉེན་རྟོག་ནགས་ཚལ་དམག་དཔུང་དང་མེ་གསོད་མེ་འགོག ནགས་ལས། སྤྱི་བདེ་སོགས་ཀྱི་མྱུར་སྐྱོབ་མི་སྣ་3000ལྷག་ཙམ་ཞུགས་ཡོད་ཅིང་། ས་ངོས་དང་བར་སྣང་གཉིས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ་མེ་དགྲའི་གནས་ཡུལ་དུམ་བུར་བཅད་དེ་གསོད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཐེ་བོ་སྟག་རའི་ནགས་ཚལ་གྱི་མངོན་གསལ་ཆེ་བའི་མེ་དགྲའི་གནས་ཚུལ་ཉུང་དུ་བཏང་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།