འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་འཆར་ཟིན་གྱི་འགྲེལ་བཤད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གཅིག ཡོང་འབབ། 
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་ནས་ལོ་རེའི་ཆ་སྙོམས་འཕར་ཚད་6.5%ལྷག་ཙམ་ཟིན་པ་བྱ་རྒྱུ།
         ཡོང་འབབ་འབྲིང་ཡོད་པའི་མི་འབོར་གྱི་བསྡུར་ཚད་འཕར་བ་བྱ་རྒྱུ།
         ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ་བཅས་རེད།
         གཉིས། ལས་ཞུགས།
         ལོ་ལྔའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་མི་ཁྲི་5000འཕར་བ་བྱ་རྒྱུ།
         ཞིང་པ་ལས་མི་མི་ཐེངས་ཁྲི་4000ལ་གསོ་སྦྱོང་བྱ་རྒྱུ།
         ལས་ཞུགས་སྔོན་ལ་སྒྲུབ་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་བཅས་རེད།
         གསུམ། སློབ་གསོ།
         ངལ་རྩོལ་ལོན་ཟིན་པའི་མི་འབོར་གྱི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་དེ་ལོ་10.23ནས་ལོ་10.8བར་འཕར་བ་བྱ་རྒྱུ།
         ལོ་རེའི་ཆ་སྙོམས་འཕར་ཚད་0.57ཟིན་པ་བྱ་རྒྱུ།
         འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་95%བར་འཕར་བ་བྱ་རྒྱུ།
         སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་བུ་བཅོལ་དུ་བསྐྱོད་ཐུབ་ཚད་85%བར་འཕར་བ་བྱ་རྒྱུ་བཅས་རེད།
         བཞི། གྲོང་ཁྱེར་དང་གྲོང་རྡལ་ཅན།
         རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60%ཟིན་པ་བྱ་རྒྱུ།
         ཐེམ་ཁུངས་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་45%ཟིན་པ་བྱ་རྒྱུ།
         གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་ཁྲི་2000སྒྱུར་བཀོད་བྱ་རྒྱུ།
         “མི་འབོར་དུང་ཕྱུར་གཅིག་བྱས་པ་གསུམ”གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་བྱ་རྒྱུ་བཅས་རེད།
         ལྔ། དབུལ་སྒྲོལ།
         གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་5575ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ།
         ཐོན་ལས་ལ་བརྟེན་ནས་མི་ཁྲི་3000ཡན་དབུལ་སྐྱོར་ཐུབ་པ་བྱ་རྒྱུ།
         ངལ་ནུས་ཕྱིར་གཏོང་ལ་བརྟེན་ནས་མི་ཁྲི་1000དབུལ་སྒྲོལ་ཐུབ་པ་བྱ་རྒྱུ།
         ཡུལ་གཞན་དུ་མི་ཁྲི་1000གནས་སྤོ་ཐུབ་པ་བྱ་རྒྱུ་བཅས་རེད།
         དྲུག རྒན་གསོ།
         གཞི་རྩའི་རྒན་གསོ་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་ཚད་90%བར་མཐོ་རུ་གཏོང་རྒྱུ།
         སྤྱི་ཚོགས་འགན་སྲུང་གཱ་ཁྱབ་ཚད་90%ཟིན་པ་བྱ་རྒྱུ།
         གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་ལ“བྱིས་པའི་ཁྱིམ”ཁྱབ་ཚད་90%ཟིན་པ་བྱ་རྒྱུ་བཅས་རེད།
         བདུན། འགྲིམ་འགྲུལ།
         གྲོང་ཁྱེར་ཆེན་པོ་80%ཡན་ལ་མྱུར་བགྲོད་ལྕགས་ལམ་ཁྱབ་པ་བྱ་རྒྱུ།
         གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་གི་ལམ་ཐག་སྤྱི་ལེ་3000ཙམ་ཟིན་པ་བྱ་རྒྱུ།
         ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་གྲོང་ཚོར་མཁྲེགས་འགྱུར་ལམ་དང་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་བཅས་རེད།
         དགུ། སྡོད་ཁང་།
         སྲིད་གཞུང་གཙོ་བོར་བྱས་ནས་གཞི་རྩའི་འགན་ལེན་བྱེད་པ་དང་ཁྲོམ་ར་གཙོ་བོར་བྱས་ནས་རིམ་པ་མང་བའི་དགོས་མཁོ་སྐོང་རྒྱུ་རེད།
         བཅུ། དྲ་སྦྲེལ།
         ཁྱིམ་ཚང་ལ་གཏན་འཇགས་དྲ་ཆེན་ཁྱབ་ཚད་70%ཟིན་པ་བྱ་རྒྱུ།
         སྒུལ་བདེའི་དྲ་ཆེན་སྤྱོད་མཁན་ཁྱབ་ཚད་85%ཟིན་པ་བྱ་རྒྱུ།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་ཆེན་དྲ་རྒྱ་ཡོངས་ཁྱབ་ཐུབ་པ་བྱ་རྒྱུ་བཅས་རེད།
         བཅུ་གཅིག བདེ་ཐང་།
         མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་གཅིག་འཕར་བ་བྱ་རྒྱུ།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཡན་དུ་བརྟན་པོ་ཡོང་བ་བྱ་རྒྱུ།
         གྲོང་ཁྱེར་དང་སྡེ་ཁུལ་གྱི་སྐར་མ་15ཡི་ལུས་སྦྱོང་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
         བཅུ་གཉིས། སྡོད་གནས་ལ་འཚམ་པ།
         གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་།
         གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་ཁྲི་2000སྒྱུར་བཀོད་བྱེད་པ།
         གྲོང་ཁྱེར་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།
         བཅུ་གསུམ། ཁོར་ཡུག་སྲུང་སྐྱོང་།
         རིམ་རྩིས་བརྒྱབ་ན་GDPརྩིས་གཞི་རེའི་ནུས་རྒྱུ་ཟད་གྲོན་15%ཆག་པ་བྱ་རྒྱུ།
         གཙང་ཆུ་དང་མཚེའུ་གཙོ་བོའི་ནུས་པའི་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་80%ཡན་ཟིན་པ་བྱ་རྒྱུ།
         ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་སྦགས་བཙོག་ཚབས་ཆེན་ཐོན་པའི་ཉིན་གྲངས་25%བར་ཉུང་དུ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།