འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཀ་ཉུང་བའི་དངུལ་བུན་གྱི་འགན་ལེན་འགན་བཅོལ་ཐོག་མར་ཁྱབ་གདལ་བཏང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་ཉེ་ཆར་《ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་གྲངས་ཉུང་དངུལ་བུན་གྱི་འགན་ལེན་འགན་བཅོལ་དོ་དམ་ཚོད་ལྟའི་གནས་སྐབས་ལག་བསྟར་བྱ་ཐབས་》ཐོག་མར་བཏོན་པ་དང་། དེའི་ནང་དོན་ནི་ས་གནས་དེ་གར་ལོ་གཉིས་ཡན་གཉེར་སྐྱོང་བྱས་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་དེ་ཡིན་པ་རེད།
         ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཚོད་ལྟ་བྱེད་ཁོངས་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་རྫོང་བཅས་ཡིན་པ་རེད། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་འགན་བཅོལ་ཀུང་སིར་འགན་བཅོལ་དང་དངུལ་ཁང་ནས་དངུལ་བུན་གཡར་རྒྱུར་སྲིད་གཞུང་གིས་འགན་ལེན་བྱེད་པ་མ་ཟད་འགན་བཅོལ་འགྲོ་གྲོན་ཡང་སྤྲད་པར་བརྟེན་ཁག་ཐེག་བྱ་ཐབས་དེ་རིགས་ཐོག་ནས་དངུལ་ཁང་གིས་དངུལ་བུན་གཏོང་བ་དང་དུས་བཀག་ལོ་གཅིག་ལས་མི་འགལ་ཆོག་གི་མེད་པ་་རེད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ས་གནས་ཀྱི་དོན་དངོས་དང་མཐུན་པའི་ཐག་གཅོད་བྱ་ཐབས་རིམ་བཞིན་འཚོལ་ཞིབ་བྱས་ཏེ། དངུལ་ཁང་འགན་བཅོལ་མཉམ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་ཡོད།
         བོད་ལྗོངས་དངུལ་ཁང་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་མིང་ཤའོ་ཡིས“བུན་གཡར་འགན་ལེན་འགན་བཅོལ་གྱི་དེ་འགྲོ་གྲོན་དེ་བུན་གཡར་མ་གནས་དངུལ་གྱི་2%གཞིར་བཟུང་ལག་བསྟར་དང་། དངུལ་བུན་གཡར་མཁན་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་1%སོ་སོར་སྤྲོད་དགོས། དངུལ་ཁང་གིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཚན་པ་སོ་སོར་སྒོར་ཁྲི་200དང་སྒོར་ཁྲི་100ལས་མི་འགལ་བའི་དངུལ་བུན་གཡར་གྱི་ཡོད”ཅེས་བཤད།
         ཚོང་དོན་ལམ་ལུགས་སྒྱུར་བཅོས་དང་བོད་ཀྱི་ཉེན་བཞིན་འཕར་བའི་འཛད་སྤྱོད་ཀྱི་དགོས་མཁོ་ལས་ཉེ་བའི་ལོ་གཉིས་རིང་ས་གནས་དེ་གའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ན་ནིང་གི་ལོ་མཇུག་བར། བོད་ཀྱི་ཁྲོམ་རའི་བྱེད་པོ་ཁྲི་15.42ཟིན་ཡོད་པའི་ནང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲི་14.93ཟིན་ཡོད།
         སྒེར་གཉེར་བཟོ་ཚོང་དུད་ཚང་དང་སྒེར་གཉེར་ཁེ་ལས་གཙོ་བོར་བྱས་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དངུལ་རྩའི་ཕན་པ་ཐོབ་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།